མདུན་ཤོག

བོན་གྱི་བྱ་འགུལ། - བཙུན་མའི་འདུས་སྡེ་ཆེན་མོ་ལྡོང་རྫོང་གཤེན་བཙུན་སྨིན་གླིང་གི་རྒྱུགས་སྤྲོད་གནང་བ།

བཙུན་མའི་འདུས་སྡེ་ཆེན་མོ་ལྡོང་རྫོང་གཤེན་བཙུན་སྨིན་གླིང་གི་རྒྱུགས་སྤྲོད་གནང་བ།

 


2017-12-20 10:52:04 རྩོམ་པ་པོ། གངས་ལྗོངས་བོན། བྱུང་ཁུངས། གངས་ལྗོངས་བོན། ཀློག་གྲངས།

1513739697146308.jpg
1513739697740576.jpg
1513739697124942.jpg

བོད་ལྗོངས་ཆབ་མདོ་སྟེང་ཆེན་རྫོང་༧ལྡོང་རྫོང་གཤེན་བཙུན་སྨིན་གླིང་ནས་སྤྱི་ལོ་2017 ལོའི་ཟླ་བ 12 པའི་ཚེས་12 ནས་བཟུང་ཉིན་བཞི་ཙམ་གྱི་རིང་ལ་དབུ་བཞུགས་དགེ་རྒན་རྣམ་པའི་མདུན་སར་སློབ་མ་རྣམས་ཀྱིས་བློ་རྒྱུགས་དང་དམ་རྒྱུགས་རྩོད་རྒྱུགས་གཞན་ཡང་སྐབས་བབ་གྱི་སྦྱང་བྱ་གང་ཡིན་པའི་རིག་གནས་དང་བཅས་གཅིག་མ་ཆད་གཉིས་མ་ལུས་པར་རྒྱུགས་འབུལ་ཞུས་པ་དང་།

 

   དེ་ནས་ཉིན་གཉིས་ཙམ་གྱི་རིང་ལ་ཡོན་བདག་རྣམས་ཀྱི་རེ་ཞུས་ལྟར་སློབ་མ་རྣམ་པས་ཞི་བརྒྱ་ཁྲི་མཆོད་སོགས་རིམ་གྲོ་གང་འཚམས་སྒྲུབ་པ་དང་དགེ་རྒན་རྣམས་ཀྱིས་གོ་སྐབས་དེ་དང་བསྟུན་ཏེ་རྒྱུགས་ཤོག་དག་བཅོས་དང་ཨང་རིམ་ཐོབ་པའི་སློབ་མ་རྣམས་ལ་གཟེངས་བསྟོད་དང་བྱ་དགའི་རིམ་པ་ལ་གྲ་སྒྲིག་ཨང་གསར་མཛད།

1513739697384316.jpg

   དེ་ནས་ཕྱི་ཉིན་ཞོགས་པ་དུས་ཚོད་དགུ་ཡི་ཐོག་ཏུ་ཨང་ཐོབ་ཀྱི་སློབ་མ་རྣམས་དང་འཛིན་གྲྭ་དག་ལ་གཟེངས་བསྟོད་དང་བྱ་དགའ་སོགས་དགྱེས་གནང་མཛད་པ་མ་ཟད་དབུ་བཞུགས་དགེ་རྒན་རྣམས་ཀྱིས་རིམ་བཞིན་བཀའ་སློབ་ཟབ་རྒྱས་གནང་།

1513739698980694.jpg
1513739698118518.jpg

   དེ་ཡི་ཕྱི་ཉིན་དགེ་རྒན་རྣམ་པས་སློབ་མ་རྣམས་ཀྱི་བྱ་དགའ་ཐོབ་ལུགས་དང་རྩོད་རྒྱུགས་དང་དམ་རྒྱུགས་སོགས་གང་གིས་ཆ་ནས་སྔར་དང་མི་འདྲ་བར་ཡར་རྒྱས་ཆེན་པོ་བྱུང་ཚུལ་སོགས་བསམ་པ་གཅིག་མཐུན་གྱི་གླེང་སློང་ངང་གིས་བྱུང་བ་དང་ཆབས་ཅིག་རྒན་སློབ་ཀུན་ཀ་ཐུགས་མཉེས་པོའི་ངང་ནས་སྤྲོ་སྐྱིད་ལ་རོལ་ཏེ་རྒྱལ་ཁའི་ངང་ནས་མཇུག་གྲོལ་ལོ།།