མདུན་ཤོག

བོན་གྱི་བྱ་འགུལ། - གནས་མཆོག་བོན་རི་ཆེན་མོའི་ཁོར་ཡུག་གཙང་སྦྲའི་བྱ་འགུལ་སྤེལ་བ།

གནས་མཆོག་བོན་རི་ཆེན་མོའི་ཁོར་ཡུག་གཙང་སྦྲའི་བྱ་འགུལ་སྤེལ་བ།

 


2016-11-24 21:13:48 རྩོམ་པ་པོ། བྱ་འགུལ་ཚོགས་པ། བྱུང་ཁུངས། གངས་ལྗོངས་བོན། ཀློག་གྲངས།

  21.jpg

  སངས་རྒྱས་བསྟན་པའི་གཙོ་བོ༧རྒྱལ་བ་སྟོན་པ་གཤེན་རབ་མི་བོའི་ཐུགས་ལས་སྤྲུལ་པའི་གནས་མཆོག་ཀོང་པོ་བོན་རི་ཆེན་མོའི་མཐའ་སྐོར་ལ་གནས་སྤོ་བྱུང་བའི་ཚ་རོང་ལྷ་སྡེ་རྣམ་པས་དེ་སྔོན་ཐེངས་གཉིས་ལ་ཉིན་ཞག་བཅུ་ཕྲག་ལྷག་གི་རིང་དུ། འབད་བརྩོན་ཧུར་ཐག་གིས་ངང་ནས་གཙང་སྦྲ་ལ་འབད་ཡོད་ཀྱང། བསམ་ཤེས་དང་མཐོང་རྒྱ་ཆུང་བའི་གནས་སྐོར་བ་ཁག་གཅིག་གིས། སླར་ཡང་གད་སྙིགས་གང་སར་ཁྱབ་པ་བྱས་འདུག་པས། ད་ལོར་ཡང་བསྐྱར་ཐེངས་གསུམ་པའི་བོན་རིའི་ཁོར་ཡུག་གཙང་སྦྲ་བྱེད་རྒྱུ་ལས་འགོ་འདི་ཟླའི་ཚེས་༡༤ནས་འགོ་བཟུང་སྟེ་ཚེས་༢༦བར་དཀའ་ངལ་ཁྱད་དུ་བསད་དེ། གད་སྙིགས་གང་སར་གཡུག་པའི་བཙོག་ལྟ་གྲིབ་དོགས་གང་ཡང་མི་བྱེད་པར་མི་དང་རྒྱུ་གཉིས་ཀྱིས་འགྲོ་སོང་གཏོང་ནས་ས་ཐག་རིང་ཐུང་དང་ལ་ཐུར་ཡོད་མེད་ཀྱི་དཀའ་ངལ་ལ་མ་འཛེམས་པར། གད་སྙིགས་ཚང་མ་གནས་མདུན་ལ་མ་འདོར་བར་རླངས་འཁོར་ལམ་ཁར་སྐྱེལ་ནས། རླངས་འཁོར་ནང་དུ་བླུགས་ཏེ། ཉིང་ཁྲིའི་གད་སྙིགས་ས་ཚིག་ལ་བསྐྱེལ་ཡོད། དེ་བཞིན་འགྲོ་ལམ་མི་བདེ་ས་དང་ཁ་ཆར་འཁྱགས་པ་སོགས་ཀྱིས་མིའི་ལུས་ཕུང་ཉེན་རྐྱེན་ཐེབས་ངེས་ཀྱི་ལམ་འཕྲང་དོག་པོ་དག་བཟོ་བཅོས་དང་ཆར་ཆུས་གནོད་འཚེ་འགོག་པའི་ཐབས། ལམ་སྟེང་དུ་ལྕགས་ཤོག་བཀབ་ནས་ཕེབས་ལམ་བདེ་མོར་བཟོས་ཡོད་པ་མ་ཟད། ཐེངས་འདིའི་གཙང་སྦྲ་ལ་ཧ་ཅང་ནུས་ཤུགས་ཆེན་པོ་གནང་སྟེ་འཕྱག་བདར་ལེགས་པོ་བྱས་ཡོད་ལ། སླད་ཕྱིན་གནས་བསྐོར་བ་རྣམས་ཀྱིས་སོ་སོའི་བཟོས་པའི་འབག་བཙོག་དང་གད་སྙིགས་དག་མ་བསྐུལ་དང་བླངས་ངང་ནས་རང་འགུལ་གཙང་སྦྲ་ཡོང་བའི་འགན་འཁྲི་ནི། ང་ཚོ་བོན་དང་ཁོར་ཡུག་ལ་གཅེས་པ་འོས་པའི་བླ་སྤྲུལ་དགེ་བཤེས་རྣམ་པ་དང་དེ་བཞིན་མི་ཆེན་ལྷག་བསམ་ཅན་དག་གིས་རང་རང་གི་འབྲེལ་བར་ཡོད་པའི་ལྷ་སྡེ་རྣམས་ལ་སྤྱི་ནི་ཁོར་ཡུག་ལ་གནོད་འཚེ་མི་བཟོ་རྒྱུ་དང་ལྷག་པར་ཏུ་གནས་མཆོག་ཀོང་པོ་བོན་རི་ལ་གད་སྙིགས་དང་འབག་བཙོགས་རོ་གོས་རིགས་མི་གཡུག་བའི་ཐབས། གོ་རྟོགས་མཐོ་རུ་གཏོང་བའི་བསླབ་བྱ་ཡང་ནས་ཡང་དུ་གནང་སྟེ། གཙང་སྦྲ་བྱས་འབྲས་ཆུད་ཟོས་སུ་མི་འགྲོ་བའི་ཐབས་ལ་འབད་རོགས་ཞུ་ཞུ།

06.jpg
01.jpg
02.jpg
04.jpg
05.jpg