མདུན་ཤོག

གསུང་རབ། - ཁྲོ་གཙུག་ཕུད་ཚུལ་ཁྲིམས་ཀྱི་རྩོམ་དེབ་པར་སྐྲུན་འགྲེམ་སྤེལ་གནང་བ།

ཁྲོ་གཙུག་ཕུད་ཚུལ་ཁྲིམས་ཀྱི་རྩོམ་དེབ་པར་སྐྲུན་འགྲེམ་སྤེལ་གནང་བ།

 


2017-1-20 17:50:14 རྩོམ་པ་པོ། གངས་ལྗོངས་བོན། བྱུང་ཁུངས། གངས་ལྗོངས་བོན། ཀློག་གྲངས།

 དགེ་བཤེས་ཁྲོ་གཙུག་ཕུད་ཚུལ་ཁྲིམས་ཀྱི་རྩོམ་དེབ་༼ ཚད་མ་ཀུན་ལས་བཏུས་པའི་འཇུག་སྒོ་ཤེས་རབ་སྒྲོན་མེ་འབར་བའི་འོད་སྣང་༽(སྟོད་ཆ། བར་ཆ། སྨད་ཆ་པོད་གསུམ།)སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་དཔར་དུ་བསྐྲུན་པ།

03.jpg
པོད་གསུམ་གྱི་མདུན་ངོས།
01.jpg
རྩོམ་པ་པོ། ཁྲོ་གཙུག་ཕུད་ཚུལ་ཁྲིམས།

 དེ་ཡང་བོན་གྱི་སྤྱན་ལྡན་ཆེན་མོས་མཛད་པའི་ཚད་མ་ཀུན་བཏུས་ནི། འདི་ནས་ཡར་བརྩིས་པའི་མི་ལོ་བརྒྱད་བརྒྱ་ལྷག་གི་དུས་སྐབས་སུ་བྱུང་བའི་བརྗོད་བྱ་རྒྱ་ཆེ་གཏིང་ཟབ་པའི་ཚད་གཞུང་ཐུན་མོང་མ་ཡིན་པ་ཞིག་ལ་ངོས་འཛིན་བྱེད་པ་ཡིན་ཙམ། ཕྲན་ཉིད་སྡུད་གྲྭ་འཛིན་གྲྭ་ཡིན་སྐབས་ནས་འདི་ལ་དད་མོས་དང་དགའ་སྤྲོ་ངང་འདི་ཕྱི་ལམ་སྟོན་གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་གི་དགེ་རྒན་རྣམ་པའི་མདུན་ནས་སློབ་པའི་གོ་སྐབས་བཟང་པོའང་འཕྲད། འོན་ཀྱང་འདི་ཡི་བརྗོད་བྱའམ་དགོངས་དོན་ཕྲན་ལྟ་བུས་དཔག་དཀའ་ཡང་། ལོ་འཁོར་བཅུ་ཕྲག་ལྷག་ལ་ཁ་ཕྱོགས་འདི་ལ་ཁྱད་སྦྱོང་བྱས་ཤིང་ལྷག་པར་དུ་མདོ་སྨད་གཡུང་དྲུང་བོན་གྱི་བཤད་སྒྲུབ་སློབ་གླིང་ནས་ཟབ་སྦྱོང་ཚད་མའི་འཆད་རྩོད་སོགས་ལ་ཞུགས་པའི་བསྐལ་བའང་མི་དམན་པ་ཞིག་ཐོབ། དེ་ཡང་ཕྲན་རང་ཉིད་སྔར་༢༠༡༡ལོར་རབ་འབྱམས་དགེ་བཤེས་མཛད་སྒོའི་སྐབས་སུ་ཚད་མ་ཀུན་བཏུས་ཀྱི་ལེའུ་བཞི་བའི་བར་དུ་ཟླ་བ་གཉིས་ཙམ་ཡས་མར་ཞིག་ལ་བྱ་བ་གང་མང་ཞིག་གིས་བྲེལ་འཚུབ་ཀྱི་ངང་ནས་བྲིས་ཁུལ་བྱས་པ་ཡིན། རྗེས་སུ་དགེ་སློབ་གང་མང་ཞིག་གིས་མཇུག་ལེགས་པར་སྐྱོང་དགོས་ཞེས་དང་། དཔལ་ལྡན་རྩེ་དྲུག་དགོན་གྱི་བཤད་གྲྭའི་དཔོན་སློབ་བསྟན་པ་སོགས་ཀྱིས་གཞུང་དེའི་འཇུག་སྒོ། སྨད་ཆ་དང་བར་ཆ་སོགས་ཀྱང་ངེས་ཅན་དུ་འབྲི་དགོས་ཞེས་པའི་བསྐུལ་ལྕག་ལ་བརྟེན་ཏེ་རང་དགོན་ཁྲོ་ཚངས་དགོན་ནང་བསྟན་ལྔ་རིག་སློབ་གླིང་གསར་བཙུགས་བྱས་པའི་འཆད་ཁྲིད་ཀྱི་བར་བསེང་དུ་དཀའ་ཁག་གང་མང་ཞིག་གི་བརྒྱུད་རིམ་ཁྲོད་དུས་ཚོད་དམ་འཛིན་བྱས་ཏེ་༢༠༡༤ཟླ་བ༡༢ཚེས༡༡་ལ་ཚད་མ་ཀུན་བཏུས་ཀྱི་འཇུག་སྒོ་དེབ་གསུམ་གྱི་བདག་ཉིད་ཅན་དེ། སྔར་བྲིས་པ་ལ་ལེགས་བཅོས་དང་མཇུག་ལེགས་འགྲུབ་བྱུང་། འོན་ཀྱང་ཡིག་བཏགས་དང་ཞུ་དག་དཔེ་རྟགས་ཆོག་མཆན་སོགས། རིམ་ཅན་དུ་བརྒྱུད་དགོས་པའི་བྱ་བ་འགའ་ཡི་དབང་གིས། རྒྱ་ཆེར་མཁྱེན་ཡངས་ཅན་གྱི་ཀློག་པ་པོའི་སྤྱན་ལམ་སྤེལ་ཐུབ་མ་སོང་། ད་ལན་སི་ཁྲིན་མི་རིགས་དཔེ་སྐྲུན་ཁང་དང་ཞང་ཞུང་སྒོ་བའི་འདུས་སྡེ་ཆེན་མོ་དཔལ་རྩེ་དྲུག་དགོན་གྱི་བཤད་གྲྭའི་མཐུན་རྐྱེན་གནང་བའི་བཀའ་དྲིན་འོག ལོ་གསར་པའི་ནང་འགྲེམ་སྤེལ་བྱ་རྒྱུ་ཡིན། ཞུ་དགོས་པ་ཞིག་འདིའི་རིན་ཚད་ཀྱང་། མ་གོང་ལས་ཕབ་རྩིས་ཡིན་པས། དགོས་མཁན་དག་གིས་འབྲེལ་བ་གནང་རོགས་ཞུ།

འབྲེལ་བ་བྱ་ཡུལ།
135-5199-1189กข 
15082518789
18383618862 
18383600603
འགྲེམ་སྤེལ་བྱ་ཡུལ། ཁྱུང་པོ་སྟེང་ཆེན། སྦྲ་ཆེན་རྫོང་། གཞིས་ཀ་རྩེ། ཟིང་ཆུ་རྫོང་། རྔ་བ་རྫོང་། ཉག་རོང་རྫོང་། སྡེ་དགེ་རྫོང་། རེབ་གོང་། རྒྱལ་རོང་སོགས་ཀྱི་དགོན་པའི་ནང་དུ་འབྱོར་ངེས་ཡིན།