མདུན་ཤོག

དགོན་སྡེ་སྒྲུབ་གནས། - རྔ་བ། - རྒྱལ་རོང་སྟེགས་ལྕོགས་སུ་རྒྱལ་བ་གཉིས་པ་མཉམ་མེད་ཆེན་པོའི་དུས་ཆེན་འཚོགས་པ།

རྒྱལ་རོང་སྟེགས་ལྕོགས་སུ་རྒྱལ་བ་གཉིས་པ་མཉམ་མེད་ཆེན་པོའི་དུས་ཆེན་འཚོགས་པ།

 


2017-2-27 16:12:52 རྩོམ་པ་པོ། ས་མ་ཡ། བྱུང་ཁུངས། གངས་ལྗོངས་བོན། ཀློག་གྲངས།

 

 

གངས་ཅན་མདོ་ཁམས་ས་ཡི་ཐིག་ལེ་ཤར་རྒྱལ་མོ་རོང་གི་ལྟེ་བ་སྟེགས་ལྕོགས་མུ་ནི་གསེར་གཞུང་གི་ཕོ་བྲང་གཡུང་དྲུང་ལྷ་རྩེ་ཞེས་བྱ་བའི་གནས་ཁྱད་པར་ཅན་བོན་གྱི་རྒྱལ་བ་གཉིས་པའི་འཁྲུངས་གཞིས་སུ། སྨན་རིའི་དཔོན་སློབ་༼བསྟན་འཛིན་ཕུན་ཚོགས་༽མཆོག་ཆེད་ཕེབས་གནང་སྟེ། མཉམ་མེད་དུས་ཆེན་འཚོགས་པའི་རྣམ་པ་མདོར་བསྡུས་གཤམ་གསལ་ལྟར་རོ།།  

འདི་ནི་ཀུན་མཁྱེན་རྒྱལ་བ་གཉིས་པ་སྨན་རི་བ་༼མཉམ་མེད་ཤེས་རབ་རྒྱལ་མཚན་༽སྐུ་འཁྲུང་བའི་གནས་མཆོག་རྒྱལ་རོང་སྟེགས་ལྕོགས་མུ་ནི་གསེར་གཞུང་གི་ཕོ་བྲང་གཡུང་དྲུང་ལྷ་རྩེ་ཡིན། གསས་ཁང་འདི་ནི་སྨན་རིའི་དཔོན་སློབ་བསྟན་འཛིན་ཕུན་ཚོགས་དང་དགེ་བཤེས་འཇམ་དབྱངས་བརྩོན་འགྲུས་ཟུང་གི་ལྷག་བསམ་རྣམ་དག་གིས་ཆོས་ལུགས་དད་པ་རང་མོས་ཀྱི་སྲིད་ཇུས་དང་མ་འགལ་བར། སྟེགས་ལྕོགས་མི་དམངས་མང་ཚོགས་ཀྱི་བསམ་པའི་བློ་དང་མཐུན་པ། རྗེའི་རྣམ་ཐར་ལོ་རྒྱུས་དང་མཐུན་པ། གནའ་མི་བགྲེས་པོ་རྣམ་པའི་་བཟུང་ངག་སྒྲོས་དང་མཐུན་པ་སོགས། མདོར་ན་ཀུན་ལ་འཁྱམ་མཐུན་གྱི་ལམ་ཁ་མ་ནོར་བར་གཙོ་བོ་བཟུང་སྟེ་སྦྱངས་བ་འདི་བསྟན་འགྲོ་གང་ལ་མཁོ་གལ་ཆེ་བ་ཡིན་འདུག་སྙམ་མོ།།

 

རྒྱལ་རོང་ཡུལ་ལ་སྔོན་ནས་ད་བར་དུ་བོན་གྱི་མཛད་སྒོ་ཆེ་ཁག་རིགས་གང་ཡིན་ལ་སྤྱི་སྤུངས་བ་དན་ཁྲ་བོ་འདི་བསྒྲེང་བའི་ཡུལ་སྲོལ་ཡོད་པ་བཞིན་མཉམ་མེད་བླ་མ་མཆོད་པའི་དུས་ཆེན་ཉིན་དང་པོར་རྟེན་འབྲེལ་གྱི་ཐོག་མར་དབུ་འཛིན་ཟུང་གིས་བ་དན་འདི་བསྒྲེང་བཞིན་པའི་རྣམ་པའོ།།

  

དོག་མོ་ས་ལ་རྟགས་དང་རྟེན་འབྲེལ་ངང་གིས་འགྲིགས་པར་བཀྲ་ཤིས་པའི་ཉི་མ་དགུང་སྔོན་དབྱིངས་ནས་ཤར་བ་སོགས་ཀྱི་གནས་ཚུལ་བརྗོད་པ་མང་ཡང་གནས་སྐབས་འདི་ཙམ་མོ།།