མདུན་ཤོག

བོན་གྱི་བྱ་འགུལ། - མཁན་པོ་ཚེ་རིང་ནོར་བུའི་དེབ་གསར་འགྲེམ་སྤེལ་དང་བོན་གྱི་རིག་གནས་བགྲོ་གླེང་མཛད་པ།

མཁན་པོ་ཚེ་རིང་ནོར་བུའི་དེབ་གསར་འགྲེམ་སྤེལ་དང་བོན་གྱི་རིག་གནས་བགྲོ་གླེང་མཛད་པ།

དེབ་གསར་¡¶བོན་གྱི་ལོ་རྒྱུས་ངོ་སྤྲོད¡·འགྲེམ་སྤེལ་དང་བོན་གྱི་རིག་གནས་བགྲོ་གླེང་མཛད་པ།


2017-4-10 23:49:06 རྩོམ་པ་པོ། རིན་སྤུངས་ཚུལ་བསྟན། བྱུང་ཁུངས། གངས་ལྗོངས་བོན། ཀློག་གྲངས།

01.jpg
02.jpg

  དེ་ཡང་སྤྱི་༢༠༡༧ལོའི་ཟླ་བ་༤བའི་ཚེས་༩ཉིན་གཡུང་དྲུང་བོན་གྱི་མཉམ་འབྲེལ་ལྷན་ཚོགས་ཀྱི་དྲུང་ཡིག་ཁམས་བྲག་མགོ་གཞི་རིང་དགོན་པའི་མཁན་པོ་བོད་རྒྱ་སྐད་གཉིས་སྨྲ་བའི་ལོ་ཙཱ་བ་མཁན་པོ་ཚེ་རིང་ནོར་བུ་མཆོག་གིས་རྒྱ་ཡིག་ལམ་ནས་བྲིས་པའི་དེབ་གསར་¡¶བོན་གྱི་ལོ་རྒྱུས་ངོ་སྤྲོད¡·འགྲེམ་སྤེལ་དང་བོན་གྱི་རིག་གནས་བགྲོ་གླེང་གི་འཚོགས་འདུ་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་མགྲོན་ཁང་ཆེན་མོར་ཁྲིན་ཏུའུ་གྲངས་ཉུང་མི་རིགས་རིག་གནས་ཞབས་ཞུ་ལྟེ་གནས་དང་མཉམ་འབྲེལ་དུ་འཚོགས་པ། 

05.jpg
03.jpg

འཚོགས་ཐོག་ཏུ་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་༧རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ་མཆོག་དང་ཐར་བདེ་ཚེ་དབང་འཇིགས་མེད། མཁན་ཤེས་རབ་གཡུང་དྲུང་དབང་རྒྱལ། སེང་སྤྲུལ་རིག་འཛིན་ཉི་མ། བོན་མཁར་སྐལ་བཟང་རིན་ཆེན། ཉག་སྤྲུལ་བསོད་ནམས་རྒྱ་མཚོ། སྤྲུལ་པད་མ་རིན་ཆེན། སྡེ་རོང་ཚེ་རིང་དོན་གྲུབ། འཇམ་དཔལ་རྒྱ་མཚོ། ཨ་སྔགས་ཚེ་རིང་བཀྲ་ཤིས། ཤར་བ་ཐོགས་མེད། ཐུབ་བསྟན་ཕུན་ཚོགས། རྔ་བ་ཁུལ་ཆོས་ལུགས་ཅུས་ཀྱི་སྔ་དབུ་ཁྲི་མཆོད་རྟེན། ཀུན་དགའ་ཡེ་ཤེས་སོགས་བླ་སྤྲུལ་མཁན་པོ་དགེ་བཤེས། དགེ་རྒན་ཆེན་མོ། ཆེད་མཁས་ཞིབ་འཇུག་པ། ཞིབ་འཇུག་སློབ་མ་སོགས་མི་སྣ་བརྒྱ་ཡས་མས་ཕེབས་པ་དང་།

04.jpg
06.jpg

སྔ་དྲོ་ཆུ་ཚོད་༩བའི་སྟེང་ནས་¡¶བོན་གྱི་ལོ་རྒྱུས་ངོ་སྤྲོད་¡·ཀྱི་འགྲེམ་སྤེལ་མཛད་སྒོ་རིམ་པ་ཁག་སྤེལ་ཅིང་། དེ་ནས་བོན་གྱི་རིག་གནས་བགྲོ་གླེང་གནང་སྟེ་ཆེད་མཁས་ཞིབ་འཇུག་པ་བཅུ་ཕྲག་ལྷག་གིས་བོན་གྱི་ལོ་རྒྱུས་དང་རིག་གཞུང་། དེ་བཞིན་འཛིན་སྐྱོང་སྤེལ་གསུམ་དང་འབྲེལ་བའི་སྐོར་ལ་སྔ་དྲོ་དང་ཕྱི་དྲོ་གཉིས་ལ་གནང་སྟེ་ཉིན་གཡོལ་ཆུ་ཚོད་༤་༣༠སྟེང་འཚོགས་འདུ་མཇུག་སྒྲིལ་གནང་བ་རེད།