མདུན་ཤོག

བོན་གྱི་བྱ་འགུལ། - <<ཞང་ཞུང་རིག་གནས>>རྩོམ་བསྡུའི་བརྡ་ཐོ།

<<ཞང་ཞུང་རིག་གནས>>རྩོམ་བསྡུའི་བརྡ་ཐོ།

 


2017-5-8 9:21:29 རྩོམ་པ་པོ། ཞུང་ཀརྨ་རྒྱལ་མཚན། བྱུང་ཁུངས། གངས་ལྗོངས་བོན། ཀློག་གྲངས།

 1494205997117610.jpg

   གུས་ཤིང་བརྩེ་བའི་རྩོམ་པ་པོ་རྣམ་པ་ལགས།  དེ་ཡང་ཐོག་མ་ནས་ད་ལྟའི་བར་ཞང་ཞུང་རིག་གནསལ་ཁྱེད་རྣམ་པས་གཟིགས་སྐྱོང་དང་རྒྱབ་སྐྱོར་གནང་བར་སྙིང་དབུས་ནས་བཀའ་དྲིན་ཆེ་ཞུ་རྒྱུ་དང་།  ང་ཚོ་ཞང་ཞུང་རིག་གནསརྩོམ་སྒྲིག་ཁང་གིས་ཀྱང་མུ་མཐུད་དེ་རང་ཅག་བོད་གངས་ཅན་པའི་རིག་གནས་སྤྱི་དང་ཁྱད་པར་ཞང་ཞུང་རིག་གནས་ཉམས་པ་སོར་ཆུད་དང་།  མི་ཉམས་གོང་འཕེལ་ངང་བོད་ཡིག་རྩོམ་པ་པོ་གང་མང་ཞིག་གསོ་སྐྱོང་གཏོང་རེའི་ཆེད་ང་ཚོའི་ཕྲག་ཏུ་བབ་པའི་འོས་འགན་ལ་ངོས་འཛིན་དང་ལེན་བྱེད་ཀྱི་ཡོད། ང་ཚོའི་ཞང་ཞུང་རིག་གནསཞེས་པའི་དུས་དེབ་འདི་དེ་སྔ་ལོ་ཤས་རིང་འགྲེམ་སྤེལ་ཐུབ་མེད་རུང་། དེང་སང་ལྷ་ས་གྲོང་ཁྱེར་གྱི་དབུ་ཁྲིད་ཀྱིས་མི་རིགས་ཀྱི་རིག་གནས་སྤྱི་དང་ལྷག་པར་ཞང་ཞུང་རིག་གནས་ལ་ཚད་མཐོའི་རྒྱབ་སྐྱོར་དང་། གཟིགས་སྐྱོང་འོག་ཞང་ཞུང་དང་འབྲེལ་བའི་ལས་གཞི་མང་དག་ཞིག་སྤེལ་མགོ་རྩོམ་དང་བརྩམ་བཞིན་པའི་དུས་བཟང་འདིར་ང་ཚོ་ལྷ་ས་ཞང་ཞུང་རིག་གནས་ལས་ཤག་གིས་མ་བསྐུལ་དང་བླངས་ཀྱིས་འདི་ལོ་ནས་ཞང་ཞུང་རིག་གནསདུས་དེབ་སླར་ཡང་རྩོམ་སྒྲིག་གནང་སྟེ་འགྲེམ་སྤེལ་གྱི་བྱ་བ་བརྩམ་བཞིན་ཡོད་པས། འདིར་རྒྱ་ཆེའི་རྩོམ་པ་པོ་རྣམས་ལ་རྩོམ་བསྡུའི་བརྡ་ཐོ་འདི་ཕུལ་བ་ཡིན།
   ༡༽ རྩོམ་པ་པོ་རྣམ་པས་འདི་ག་ཞང་ཞུང་རིག་གནས་རྩོམ་སྒྲིག་ཁང་དུ་བསྐུར་བའི་རྩོམ་ཡིག་ཡིན་ཕྱིན་ཞང་ཞུང་ཤེས་རིག་དང་ལོ་རྒྱུས་ཀྱི་ཁྱབ་ཁོངས་ཡིན་པ་བརྗོད་མི་དགོས་ལ། གསར་བཏོད་རང་བཞིན་དང་།དམིགས་བསལ་གྱི་ལྟ་བ། རིག་གཞུང་གི་རིན་ཐང་ལྡན་པ། ངེས་པར་དུ་དུས་དེབ་སོགས་གཞན་ནས་སྤེལ་མ་མྱོང་བའི་རྩོམ་ཡིག་ཡིན་དགོས།གལ་སྲིད་ཞང་ཞུང་ཤེས་རིག་དང་འབྲེལ་བ་མེད་པའམ་དུས་དེབ་སོགས་གཞན་ནས་སྤེལ་ཟིན་པའི་རྩོམ་ཡིག་ཡིན་ན་ང་ཚོའི་དུས་དེབ་ཐོག་འགོད་ཀྱི་མིན།
   ༢༽དུས་དེབ་ཀྱི་ལེ་ཚན་ལ་སྔར་རྒྱུན་བཞིན་འགྱུར་བ་མེད། དེ་སྔ་ལྟར། ལོ་རྒྱུས་སྲིད་པའི་དྲང་ཤིང་དང་། སྨན་རྩིས་གངས་རིའི་ལང་ཚོ། ལེགས་བཤད་ལུང་གི་སྙིང་པོ། སྒྲ་སྒྱུར་ཤ་རིའི་གར་སྟེགས། ཞང་ཞུང་རྒན་པོའི་འབེལ་གཏམ་སོགས་རང་མལ་དུ་བཞག་ཡོད།
   ༣༽དཔྱད་རྩོམ་རྣམས་ཧི་གཟུགས་ཀྱི་གློག་རྡུལ་ཡིག་ཆ་ཡིན་པ་དང་། དག་ཞུས་བྱས་ཟིན་པ། ཡིག་འབྲུ་༥༠༠༠ནས་༡༥༠༠༠དབར་ལས་མ་བརྒལ་བ།ནང་དོན་གནས་བསྡུས་ཀྱང་ཡིག་འབྲུ་༣༠༠གཡས་གཡོན་ཅན་ཡིན་པ་བཅས།
   ༤༽རྩོམ་པ་པོ་རྣམས་ལ་ནན་བཤད་ཞུ་རྒྱུར། ང་ཚོའི་རྩོམ་སྒྲིག་ཁང་གིས་ཞང་ཞུང་རིག་གནསདུས་དེབ་འགྲེམ་སྤེལ་བྱེད་པ་འདིས་རྩོམ་པ་པོའི་ཡོན་ཚད་དང་བོད་ཀྱི་རིག་གཞུང་ལ་བཅངས་པའི་བསམ་བློའི་འདུ་ཤེས་བཟང་པོ་དག་སྤྱི་ཚོགས་ཐོག་ཤེས་རྟོགས་ཡོང་ཆེད་དང་།  དུས་དེབ་ཀྱི་ནང་དོན་ཆ་ཚང་བ་བཅས་ཀྱི་ཆེད་རྩོམ་པ་པོ་རྣམ་པས་འདི་ག་རྩོམ་སྒྲིག་ཁང་དུ་དཔྱད་རྩོམ་དང་མཉམ་དུ་རྩོམ་པ་པོ་རང་ཉིད་ཀྱི་ངོ་སྤྲོད་མདོར་བསྡུས་འགོད་དགོས་པ་སྟེ། མཚན་དང་། རྟེན། འཁྲུངས་ལོ། ལས་ཁུངས་དང་སློབ་གྲྭ༼སློབ་རིམ། ཆེད་ལས༽ འབྲེལ་གཏུགས་བྱེད་ཡུལ་ས་གནས་དང་གློག་རྡུལ་སྦྲག་བྱང་། ཁ་པར་ཨང་གྲངས། སྦྲག་ཨང་སོགས་ཀྱི་ཆ་འཕྲིན་འགོད་དགོས།
   ༥༽དཔྱད་རྩོམ་གློག་རྡུལ་སྦྲག་སྐུར་གྱི་རྣམ་པར་བརྟེན་ནས། ༢༠༡༧ལོའི་ཟླ་བ་༦ཚེས་༣༡གོང་དུ་སྐུར་དགོས།  སྐུར་ཡུལ། shangshung@qq.comཡིན།         དེའི་གཙོ་དོན་དུ་ཞང་ཞུང་རིག་གནསརྩོམ་པ་པོདཔྱད་རྩོམ་གྱི་ཁ་བྱངབཅས་འགོད་དགོས།

   ༦༽ངེད་ལས་ཤག་གི་འགྲོ་དངུལ་དཀའ་ངལ་ཆེ་བས་སྤྱི་ལོ་༢༠༡༧ལོའི་དུས་དེབ་དང་པོ་འདི་ལ་གནས་སྐབས་རྩོམ་ཡོན་མེད་པས་དགོངས་བཞེས་ཡོད་པ་ཞུ། 
   མདོར་ན་ང་ཚོས་ཁྱེད་རྣམ་པའི་རྩོམ་ཡིག་དུས་དེབ་ཐོག་སྤེལ་གང་ཐུབ་ཞུ་རྒྱུ་ཡིན་ལ། ཁྱེད་རྣམ་པས་རྩོམ་ཡིག་སྤེལ་ཐུབ་པ་དེ་བོད་ཀྱི་རིག་གནས་སྤྱི་དང་ཁྱད་པར་ཞང་ཞུང་རིག་གནས་འཕེལ་རྒྱས་ཐད་ལ་ཤིན་ཏུ་སྨན་པའི་སེམས་ནུས་དང་ལྷག་བསམ་མཚོན་ཐུབ་པས་ཁྱེད་རྣམ་པས་ང་ཚོའི་རྩོམ་སྒྲིག་ཁང་དུ་རྩོམ་ཡིག་གང་མང་བསྐུར་གནང་བར་དགའ་བསུ་ཞུའོ། །

གཙོ་གཉེར་བའི་འབྲེལ་གཏུགས་ཁ་པར། ༡༣༩༠༨༩༨༩༧༠༠ཞུང་ཀརྨ་རྒྱལ་མཚན

    ཞང་ཞུང་རིག་གནསརྩོམ་སྒྲིག་ཁང་གིས།༢༠༡༧ལོའི་༥ཚེས་༧ཉིན།