མདུན་ཤོག

བོན་གྱི་བྱ་འགུལ། - སྐབས་གསུམ་པའི་མཁའ་ཀློང་གསང་བའི་མདོས་ཆེན་འཚོགས་པའི་གནས་ཚུལ།

སྐབས་གསུམ་པའི་མཁའ་ཀློང་གསང་བའི་མདོས་ཆེན་འཚོགས་པའི་གནས་ཚུལ།

མདོ་སྨད་གཡུང་དྲུང་བོན་གྱི་འདུས་སྡེ་ཆེན་མོ་དཔལ་གཤེན་བསྟན་དགའ་མལ་དགོན་ཆེན་དུ་འཚོགས་པ།


2017-6-20 16:19:09 རྩོམ་པ་པོ། གངས་ལྗོངས་བོན། བྱུང་ཁུངས། གངས་ལྗོངས་བོན། ཀློག་གྲངས།

 མདོ་སྨད་གཡུང་དྲུང་བོན་གྱི་འདུས་སྡེ་ཆེན་མོ་དཔལ་གཤེན་བསྟན་དགའ་མལ་དགོན་ཆེན་གྱི་སྐབས་གསུམ་པའི་མཁའ་ཀློང་གསང་མདོས་འཚོགས་པ།

1497851429138773.jpg

   འབྱུང་ལྡན ༣༠༡། བོད་མེ་མོ་བྱ་སྟེ་སྤྱི་ལོ ༢༠༡༧ ལོར ༧ དཔལ་གཤེན་བསྟན་དགའ་མལ་ཀུན་ཁྱབ་བདེ་ཆེན་གླིང་གི་སྐབས་གསུམ་པའི་མཁའ་ཀློང་གསང་བའི་མདོས་ཆེན་དང་། སྙིགས་དུས་བསྟན་པའི་གསལ་བྱེད་སྒྲུབ་སློབ་རིན་པོ་ཆེ་ཤེས་རབ་གཡུང་དྲུང་ཚུལ་ཁྲིམས་མཆོག་བསྟན་འགྲོ་དོན་དུ་སྐུ་སྐྱེ་བར་བཞེས་ནས་བགྲང་བྱ་བརྒྱད་ཅུར་སོན་པའི་གྱ་སྟོན། གནས་ཆེན་བྱང་བྱ་དུར་གནས་སྒོ་ཕྱེས་ནས་ལོ་ངོ་༨༦༥ འཁོར་བའི་གནས་འདུས་བཅས་ཀྱི་དུས་ཚིགས་ཁྱད་པར་བ་གསུམ། གནམ་ལ་ཉི་ཟླ་སྐར་གསུམ་གྱི་ཚུལ་དུ་དུས་གཅིག་ཏུ་ཚེས་པ་ལ། དཔལ་གཤེན་བསྟན་དགའ་མལ་དགོན་ཆེན་གྱི་སྐྱབས་རྗེ་མཁན་སློབ་རྣམ་པས་དགོངས་བཞེད་ལྟར།

1497941647655072.jpg

1497941526749828.jpg

1497941487535444.jpg

1497941887714327.jpg

1497941887978542.jpg

སྤྱི་ཚེས/༢༠/ཉིན་ནས་ཚ་ཚ་གདབ་པ་དང་ནམ་མཁའ་འདྲེན་རྒྱུ། རྒྱང་བུ་དཀྲི་རྒྱུ། སྐུ་གསུམ་མེ་ལྷ་དང་རྒྱང་རིང་འབྲི་རྒྱུ་སོགས་ཀྱི་ལས་འགོ་བརྩམས།1497943468755164.jpg   

ཟླ་དེའི་ཚེས ༢༧/ཉིན། སྒྲུབ་སློབ་ཟུར་བ་ཤེས་རབ་གཡུང་དྲུང་ཚུལ་ཁྲིམས་རིན་པོ་ཆེའི་མཛུབ་ཁྲིད་འོག དགོན་ཆེན་ལས་སྣེ་བ་བླ་གྲྭ་བཅུ་ཡས་མས་ཤིག་གིས། བཅའ་གཞི་བང་རིམ་བཞི་ལྡན་ལ་ཁོང་གསེང་ཅན། མགུར་ཆུ་བྲེ་དང་ལྡན་པར་བཅས་ཏེ་མཁན་ཉི་མའི་དགོངས་བཞེད་དང་མཐུན་པར་ཕྱི་སྣོད་འཇིག་རྟེན་གྱི་ཆགས་ཚུལ་དུ་བཞེངས། 

1497942055133312.jpg

1497942459103271.jpg

   ཟླ་དེའི་ཚེས ༢༨ ཉིན་གྱི་སྔ་དྲོར། དགོན་ཆེན་གྱི་མཁན་སློབ་རྣམ་པ་དབུ་བཞུགས་མཛད་དེ། ནང་དགོན་ཁག་ལྔའི་བླ་གྲྭ་ལྔ་བཅུ་ཡས་མས་ཤིག་འཛོམས་ནས་མཁན་ཆེན་ཉི་མས་མཛད་པའི་མཁའ་ཀློང་གསང་མདོས་ཀྱི་ཟིན་རིས་ཉུང་བསྡུས་གསལ་བྱེད་མེ་ལོང་ལྟར། ཚ་ཚ་རབ་གནས་དང་། ཉ་སོགས་ཆུ་གནས་ཀྱི་རིགས་ཉེའུ་འདོན་པ། བྱ་དང་རྟ་ལུག་ཟོག་སོགས་ལྷ་སྡེ་རྣམས་ཀྱིས་རང་མོས་ཀྱི་སྒོ་ནས་ཚེ་ཐར་བཏང་སྟེ་སྣ་སེལ་གྱི་ལག་ལེན་སྔོན་འགྲོའི་ཞི་བདེར་བཅོས་པའི་ཆོ་ག་རྫོགས་པར་བྱས།

1497942458745353.jpg

   ཉིན་དེའི་དྲོ་གཞུང་ནས། སྒྲུབ་སློབ་ཟུར་བ་ཤེས་རབ་གཡུང་དྲུང་ཚུལ་ཁྲིམས་རིན་པོ་ཆེས་བླ་གྲྭ་ཁག་ལ། མཁན་ཆེན་ཉི་མའི་མཁའ་ཀློང་གསང་བའི་མདོས་ཆེན་གྱི་བཅའ་ཐབས་གསལ་བྱེད་ཉི་འོད་དང་། ཐར་གླུད་ཚོགས་ཀྱི་སྐོང་མདོས་ཀྱི་བཅའ་ཁྲིད་གཉིས་ཞལ་ཁྲིད་དང་རྗེས་གནང་གི་བཀའ་དྲིན་སྐྱོང་བ་དང་ནམ་མཁའི་རིགས་དང་རྒྱང་བུའི་རིགས་ངོ་སྤྲོད་གནང་།

1497943778890757.jpg

1497942458101636.jpg

   ཉིན་དེའི་ཕྱི་དྲོར། བླ་གྲྭ་ལྔ་བཅུ་ཡས་མས་ཤིག་གིས་སྟེང་དཀར་མོ་སྐང་རྫས་སོགས་ཀྱི་རིམ་པ་ནས་མགོ་བརྩམས་ཏེ་བཅའ་གཞི་ལས་རིམ་ལ་འཇུག 

1497944083338272.jpg

1497944084696684.jpg

ཟླ་དེའི་ཚེས ༢༩/དང ༣༠/བཅས་ཉིན་གཉིས་ཀྱི་རིང་དུ་བླ་གྲྭ་ལྔ་བཅུ་ཡས་མས་ཤིག་གིས་བར་སྨུག་མོ་དང་འོག་ནག་མོ་ཚོགས་ཀྱི་མཆོད་བཟོ་དང་བསྐང་རྫས་སོགས་ལེགས་པར་བརྒྱན། 

1497944536904140.jpg

   ༣༡/ཉིན་སྒྲུབ་སློབ་ཟུར་བ་ཤེས་རབ་ཚུལ་ཁྲིམས་རིན་པོ་ཆེས་བླ་གྲྭ་ཁག་ལ་མཁའ་ཀློང་གསང་མདོས་ཀྱི་གཞུང་ཆ་ཚང་ལུང་དང་རྗེས་གནང་གི་བཀའ་དྲིན་བསྩལ། 
སྤྱི་ཟླ ༦/༡/ ཉིན། དགོན་ཆེན་གྱིས་བཀོད་བཞག་ལྟར། ནང་དགོན་ཁག་ལྔ་དང་ཕྱི་དགོན་ལག་བཅུ་གསུམ་གྱི་བླ་གྲྭ་རྣམས་ཕེབས་ཏེ་ཡར་འཚོགས་གནང་སྟེ་དགོན་ཆེན་ནས་བཀོད་སྒྲིག་གནང་བ་ལྟར། དགོན་ཆེན་སྒྲུབ་གྲྭ་བ་རྣམས་ཀྱིས་སྒྲུབ་སློབ་རིན་པོ་ཆེའི་བརྟན་བཞུགས་སུ་ཚེ་སྒྲུབ་བསྒྲུབ་པའི་སྟ་གོན་བྱས།

1497942197880172.jpg

1497942279615010.jpg

1497942881338229.jpg

རིན་སྤུངས་དགོན་པའི་འདུས་སྡེ་སྨྲ་སེང་གཞལ་ཡས་ཁང་དུ་རིག་འཛིན་སྟོང་རྒྱུང་མཐུ་ཆེན་གྱི་བརྔན་དང་སྣང་སྲིད་ཞི་བའི་མཆོད་བཟོ་དང་གད་བདར་ལེགས་པར་གྲུབ།

1497942881123195.jpg

སྐྱང་ཚང་དགོན་པའི་འདུས་སྡེ་དགོན་ཆེན་གྱི་ཚོགས་ཁང་ཆེན་མོར་མཁའ་ཀློང་གསང་མདོས་ཀྱི་ཐར་གླུད་སྐང་མདོས་ཀྱི་བཅའ་བཟོ་བྱས།

1497942881251778.jpg

དགའ་མལ་དགོན་པའི་འདུས་སྤྱི་ནས་དགའ་མལ་དགོན་པའི་ཚོགས་ཁང་དུ་ཁྲོ་བོའི་སྒྲུབ་གཞུང་དང་ཀུན་རིག་རྒྱུན་འབྲིང་པོའི་བཅའ་བཟོ་ལེགས་པར་བྱས། 

1497942881123195.jpg

སྣང་ཞིག་དགོན་པའི་འདུས་སྤྱི་དགོན་ཆེན་གྱི་ཐོག་བརྩེགས་གཉིས་པར་རྣམ་དག་པད་མ་ཀློང་ཡངས་དང་རྣམ་རྒྱལ་སྟོང་མཆོད་བཅས་ཀྱི་མཆོད་བཟོ་བྱས། 

1497942881576324.jpg

ལྕགས་མདུད་དགོན་པའི་འདུས་སྤྱི་སྒྲུབ་ཁང་དུ་བསྐང་གྱེར་གྱི་མཆོད་གཞི་གཙང་ལ་སྤུས་དག་པར་བྱས། 

1497891341394601.jpg

ཟླ་དེའི་ཚེས ༢ ནས་དགོན་ཆེན་གྱི་བཀོད་སྒྲིག་ལྟར་དགོན་ཁག་སོ་སོའི་བླ་གྲྭ་ཚང་མ་འཚོགས།

1497794620729173.jpg

ཚེས ༤ ཉིན་སྒྲུབ་སློབ་རིན་པོ་ཆེ་ཤེས་རབ་གཡུང་དྲུང་ཚུལ་ཁྲིམས་མཆོག་སྐུ་གྱ་སྟོན་གྱི་བརྟན་བཞུགས་མཛད་སྒོ་སྤེལ་ཏེ། དང་པོར་དགོན་ཆེན་ནས་ཚན་པ་སྒྲིག་པ་རྣམས་རིམ་གྱིས་བརྟན་བཞུགས་ཚིག་བཤད་ལྟར་ཕུལ། དེ་ནས་དགོན་པ་སོ་སོ་དང་སྒྲུབ་ཐོན་སྐབས་སྐབས་ཀྱིས་བརྟན་བཞུགས་ཕུལ། དེའི་མཚམས་སུ་དགོན་ཆེན་གྱི་སྒྲུབ་ཐོན་པ་བརྒྱ་ལ་ཉེ་བ་རྣམས་ལ་སྒྲུབ་ཐོན་ལག་ཁྱེར་བསྩལ། དེ་ནས་བཀྲ་ཤིས་མཆོད་ཚིག་རྩོད་པ་དང་། སྣང་ཞིག་ལྷ་སྡེ་ནས་བརྟན་བཞུགས་མཇལ་དར་ཕུལ། 

1497850646800003.jpg

   ཚེས ༥ ཉིན་ཞོགས་ཀ་ནས་དྲོ་གཞུང་བར་དུ། རིན་སྤུངས་སྡེ་དང་ལྕགས་མདུད་ལྷ་སྡེ་ནས་སྒྲུབ་སློབ་རིན་པོ་ཆེ་ཤེས་རབ་གཡུང་དྲུང་ཚུལ་ཁྲིམས་རིན་པོ་ཆེའི་བརྟན་བཞུགས་མཇལ་དར་ཕུལ་བ་དང་། 

1497889647197558.jpg

དྲོ་གཞུང་ཆུ་ཚོད ༡༢/༢/བར་དུ་སྒྲུབ་སློབ་རིན་པོ་ཆེ་ཤེས་རབ་ལྷུན་གྲུབ་བམ་ཡོངས་གྲགས་སུ་ཨ་ཁུ་ནོར་བུ་མཆོག་གིས་ལྷ་སྡེ་མི་མང་ཡོངས་ལ། གནས་ཆེན་བྱང་བྱ་དུར་གྱི་ངོ་སྤྲོད་དང་སྐོར་བའི་ཕན་ཡོན་ལས་འཕྲོས་ཏེ་བཀའ་སློབ་བསྩལ། 

1497889647119155.jpg

   ཚེས ༦ ཉིན་གྱི་ཞོགས་ཀར་སྐྱང་ཚང་ལྷ་སྡེ་དང་དགའ་མལ་ལྷ་སྡེ་ནས་སྒྲུབ་སློབ་རིན་པོ་ཆེའི་བརྟན་བཞུགས་མཇལ་དར་ཕུལ་བ་དང་། དྲོ་གཞུང་ཆུ་ཚོད ༡༢/༢/བར་དུ་སྣང་ཞིག་སྤྲུལ་སྐུ་མཆོག་ནས་ལྷ་སྡེ་མི་མང་ལ། གཡུང་དྲུང་བོན་དང་འབྲེལ་ནས་བཀའ་སློབ་ལམ་སྟོན་གྱི་བོན་འཁོར་བསྐོར། 

1497889742611610.jpg

ཚེས ༧ ཉིན། ཕྱོགས་སོ་སོ་ནས་ཕེབས་པའི་དད་ལྡན་པ་རྣམས་ཀྱིས་སྒྲུབ་སློབ་རིན་པོ་ཆེའི་བརྟན་བཞུགས་མཇལ་དར་ཕུལ་ཞིང་། ཆུ་ཚོད ༡༢/༢/བར་དུ་སྒྲུབ་སློབ་ཟུར་བ་ཤེས་རབ་གཡུང་དྲུང་ཚུལ་ཁྲིམས་རིན་པོ་ཆེ་མཆོག་ནས་སྙིང་པོ་རྣམ་གསུམ་གྱི་ཕན་ཡོན་དང་བཀའ་སློབ་གཟབ་རྒྱས་བསྩལ། 

1497889898420893.jpg
1497890008399119.jpg

ཚེས ༨ ཉིན་གྱི་ཞོགས་ཀར་སྒྲུབ་སློབ་ཤེས་རབ་གཡུང་དྲུང་ཚུལ་ཁྲིམས་དང་མཁན་ཆེན་ཤེས་རབ་གཡུང་དྲུང་དབང་རྒྱལ་ཟུང་གིས་སྐྱ་སེར་ཁྲི་ཕྲག་ཡས་མས་ཤིག་ལ་ཤི་རི་ལུགས་ལྟར་མཁའ་ཀློང་གསང་མདོས་ཀྱི་བཀའ་དབང་བསྩལ་ཞིང་། མཁན་ཆེན་ཤེས་རབ་གཡུང་དྲུང་དབང་རྒྱལ་མཆོག་གིས་མཁའ་ཀློང་གསང་མདོས་ཀྱི་བཀའ་དབང་དང་འབྲེལ་བའི་སྐབས་གསུམ་པའི་མཁའ་ཀློང་གསང་མདོས་ཀྱི་གོ་རིམ་དང་ཕན་ཡོན་དགོས་ཆེད་སོགས་ཀྱི་བཀའ་སློབ་གཟབ་རྒྱས་གནང་། 

1497794503136668.jpg

   ཉིན་དེའི་དུས་ཚོད་བཅུ་ཡས་མས་སུ་བླ་གྲྭ་རྣམ་པ་གཙོས་པའི་ཡོན་བདག་སྐྱ་བོ་རྣམས་དགོན་ཆེན་གླིང་བསྐོར་དུ་ཕེབས་ཏེ་གཡང་བསྐོར་དུ་ཕེབས་ཤིང་། 

 

 1497851434794581.jpg

   དུས་ཚོད ༡༢ ཙམ་ནས་མཆོག་སྤྲུལ་དྲི་མེད་འོད་ཟེར་དགོན་ཆེན་དུ་ཕེབས་བསུ་ཞུས་པ་དང་དགོན་ཆེན་གྱི་མཁན་སློབ་རྣམ་པ་གཙོས་པའི་བླ་གྲྭ་རྣམས་སེར་ཕྲེང་སྒྲིག་སྟེ་མཁའ་ཀློང་གསང་མདོས་ཀྱི་མེ་ཐབ་མཐའ་རུ་བཞེངས་ཏེ་ཁྲོ་བོའི་གསང་མཚམས་བཅད། མེ་ལྷའི་བསྐྱེད་རིམ་རྫོགས་པར་བཏང་སྟེ་དགོན་ཆེན་མཁན་སློབ་རྣམ་གཉིས་དང་སྐྱང་སྤྲུལ་དྲི་མེད་འོད་ཟེར། སྣང་སྤྲུལ་ཤེས་རབ་འོད་ཟེར་རྒྱལ་མཚན་རྣམ་པས་སྐུ་གསུམ་མེ་ལྷ་གསུངས་གྲུབ་པ་དང་དབུ་མཛད་རྣམས་ཀྱིས་སྣང་སྲིད་ཞི་བའི་མེ་སྤར་གསུངས་ཏེ་མེ་སྤར་གྱི་ལས་རིམ་རྫོགས་པར་བྱས།

1497850778628694.jpg1497850788663420.jpg

    ཟླ་དེའི་ཚེས ༩ ཉིན་གྱི་ཞོགས་ཀར་ཚོགས་ཁང་ཆེན་མོ་རུ་དམ་བཅའ་བཞག་སྟེ་རིག་པ་སྨྲ་བ་ཚོས་ལུང་རིག་ཟུང་འབྲེལ་གྱིས་ལུང་སྡེ་སྣོད་གསུམ་ལ་རིག་པའི་བརྒལ་བརྟག་འཕེན་པ་དང་། དེའི་མཚམས་ནས་དགོན་ཆེན་གྱི་སློབ་དཔོན་ཁྲི་ཐོག་པ་སྨན་རིའི་དགེ་བཤེས་ཤེས་རབ་མཐར་ཕྱིན་མཆོག་ནས་གཡུང་དྲུང་བོན་གྱི་ལྟ་གྲུབ་དང་འབྲེལ་ཏེ་སྐྱེས་ཆེན་ངོ་སྤྲོད་དང་གྲྭ་ས་གོང་འོག་གི་དགེ་མཚན་བཅས་ཀྱི་བཀའ་སློབ་གཟབ་རྒྱས་གནང་། དེ་ནས་སྐྱང་ཚང་དགོན་པ་ནས་གར་འཆམ་བརྒྱབ་པ་དང་།
དུས་ཚོད ༤ མ་ཟིན་ཙམ་ལ་གཏོར་རྒྱག་གི་གསེར་ཕྲེང་སྒྲིག་སྟེ་གཏོང་ཟོར་འཕངས།

1497852096119378.jpg

   ཚེས ༡༠ ཉིན་གྱི་ཞོགས་ཀར་ཕྱྭ་ཚེ་གཡང་སྒྲུབ་དང་བཀྲ་ཤིས་དབྱེ་བསྡུ་བསྔོ་བ་སྨོན་ལམ་གྱིས་རྒྱས་བཏབ་སྟེ་དཔལ་གཤེན་བསྟན་དགའ་མལ་ཀུན་ཁྱབ་བདེ་ཆེན་གླིང་གི་སྐབས་གསུམ་པའི་མཁའ་ཀློང་གསང་མདོས་ཀྱི་ལས་རིམ་མཇུག་རྫོགས་པར་བྱས།

གསལ་བཤད། དུས་ལྟར་གནས་ཚུལ་སྤེལ་མ་ཐུབ་པ་དང་གཞན་པར་རིས་ཅུང་མང་བས་འགའ་ཞིག་ལས་འགོད་ཐུབ་མ་སོང་བས་གཤམ་གྱི་དྲ་གནས་ལ་གཟིགས་པར་འཚལ།

སྐབས་གསུམ་པའི་མཁའ་ཀློང་གསང་བའི་མདོས་ཆེན་དང་འབྲེལ་བའི་པར་རིས་སྣ་ཚོགས་གཟིགས་འདོད་ན་འདིར་སྣོན།