མདུན་ཤོག

མཉམ་འབྲེལ་ལྷན་ཚོགས། - གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་རྩ་དོན།

གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་རྩ་དོན།

གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ལོ་རྒྱུས་མཚམས་སྦྱོར།༼༡༽


2017-9-12 11:37:13 རྩོམ་པ་པོ། མཉམ་འབྲེལ་ལྷན་ཚོགས། བྱུང་ཁུངས། གངས་ལྗོངས་བོན། ཀློག་གྲངས།

1505189749576539.jpg

 རྒྱལ་གཤེན་བསྟན་པའི་འཕྲིན་ལས་སྤེལ་ལ་མཛངས་པའི་ཐུགས་སྟོབས་དཔལ་གྱིས་ཕྱུག།

ལུས་ཅན་ཕན་བདེ་བྱ་བཞག་སྒྲུབ་པར་ལྷག་བསམ་གཙང་མའི་རང་མདངས་དཀར།།

ཞང་བོད་རིག་པའི་གསང་ཕུགས་འཚོལ་ལ་གཟུར་གནས་བློ་ཡི་སྤོབས་པ་ཡངས།།

སློབ་གསོའི་ཉིན་བྱེད་མཁའ་རུ་འདྲེན་པ་མཛད་བཟང་སྟོང་གི་ཕུལ་དུ་འཛིན།།

བློ་དང་སྤོབས་པའི་འཛིན་མར་ལེགས་འཁྲུངས་བྱམས་བརྩེ་ནགས་མའི་ཀློང་ཆེན་དུ།།

མི་རིགས་མཐུན་སྒྲིལ་རྩ་བ་རབ་བརྟན་སྲོལ་རྒྱུན་ཁོ་ལག་རྫོགས་པའི་རྩེར།།

སྤྱི་ཚོགས་བདེ་འཇགས་མེ་ཏོག་འབུམ་བཞད་སྐད་ཡིག་སྐྱེས་སྟོབས་དཔལ་འབར་བའི།།

རྒྱལ་གཅེས་ཆོས་གཅེས་དཔག་བསམ་ལྗོན་པའི་སྲོག་དབང་གསོ་བ་ང་ཚོའི་འགན།།

ཡིད་ཆེས་མཛའ་བའི་འོ་ཆུ་གཅིག་འདྲེས་ཐུགས་སྟོབས་དཔུང་བ་མཉམ་གཤིབ་ངང་།།

རང་ཉིད་འཕེལ་རྒྱས་གཙུག་ལག་དར་སྤེལ་ཞི་བདེ་སྐྱ་རེངས་འདྲེན་སྤོབས་ཤིང་།།

གངས་རིའི་རླུང་རྟའི་ཀ་ཆེན་མཐོར་འདེགས་རིག་གཞུང་ཉམས་ཞིབ་ལེགས་བྱས་ཀྱི།།

དཔལ་དང་ཡོན་ཏན་ཉིན་བྱེད་བསུ་བ་གཞི་རྩའི་འགན་འཁྲི་ཉག་གཅིག་ཡིན།།