མདུན་ཤོག

གསུང་རབ། - བོན་གྱི་ཚིག་མཛོད་ཆེན་མོ་ཞུ་དག་ལས་དོན་སྒྲུབ་པའི་གནས་ཚུལ།

བོན་གྱི་ཚིག་མཛོད་ཆེན་མོ་ཞུ་དག་ལས་དོན་སྒྲུབ་པའི་གནས་ཚུལ།

 


2018-1-17 12:27:20 རྩོམ་པ་པོ། གངས་ལྗོངས་བོན། བྱུང་ཁུངས། རྩོམ་སྒྲིག་ཚན་ཆུང་། ཀློག་གྲངས།

1516158294491164.jpg

   བོད་ཡིག་ཚིག་མཛོད་ཆེན་མོའི་ལས་འཆར་འདི་ཐོག་མར་འགོ་ཚུགས་ནས་ད་བར་ལོ་མང་པོའི་རིང་རྒྱལ་ཡོངས་ས་ཕྱོགས་གང་སར་བཞུགས་པའི་རྩོམ་པ་པོ་རྣམས་ཀྱིས་གལ་པོ་ཆེ་ལ་ནན་ཏན་དུ་འཛིན་ཏེ་ཕྱོགས་སོ་སོ་ནས་རྩོམ་སྒྲིག་གི་ལས་ཀ་མུ་མཐུད་གནང་བཞིན་པའི་སྐབས་འདིར་ཞང་ཞུང་དང་བོན་གྱི་རིག་གནས་སྐོར་བོན་གྱི་ཚིག་མཛོད་ཚན་ཆུང་གིས་ཀྱང་གལ་ཆེའི་རང་བཞིན་དུ་འཛིན་ཏེ་རྒྱ་ཆེ་རྒྱུན་རིང་གི་ལས་དོན་བརྒྱུད་རིམ་ནང་ལས་ཀ་བྱེད་མུས་དང་ཉམས་མྱོང་ཕྱོགས་བསྡུས་ཀྱི་གནས་ཚུལ་འོག

333.jpeg

   གནའ་བོའི་ཞང་ཞུང་ཤེས་རིག་གཙོས་བོན་དང་འབྲེལ་བའི་སྲོལ་རྒྱུན་རིག་གནས་དང་། ཞང་ཞུང་གི་ཐ་སྙད་རིག་གནས། བོད་ཀྱི་སྐད་བརྡ་རིག་པ། བོན་གྱི་མདོ་སྔགས་རྫོགས་གསུམ་གྱི་གཞུང་ལུགས་རྒྱ་ཆེའི་ནང་འཁོད་པའི་ལོ་རྒྱུས་ཀྱི་མི་སྣ། མདོ་སྔགས་རིག་པའི་གཞུང་ལུགས། དགོན་སྡེ་རི་ཁྲོད། གནས་རི་སྒྲུབ་གནས། གྲགས་ཅན་རི་ཆུ་མཛེས་ལྗོངས། ལྷ་ཚོགས་བསྟན་སྲུང་། རིག་གནས་ལོ་རྒྱུས་སྲིད་པ་རྒྱུད་ཀྱི་བོན་སོགས་སྣ་མང་རྒྱ་ཆེའི་རིག་མཛོད་རྣམས་ལ་ཉམས་ཞིབ་དང་། ཐ་སྙད་འཚོལ་བསྡུ། འདྲི་རྩད་དཔྱད་བསྡུར་གང་མང་བགྱིས་པའི་བརྗོད་བྱའི་སྙིང་དོན་གཙོ་བོ་རྣམ་པ་བརྒྱད་དུ་དབྱེ་སྟེ། དང་པོ་བོན་གྱི་ཐ་སྙད་སྤྱི་དང་། སྡེ་ཚན་གཉིས་པ་བོན་གྱི་མི་སྣའི་སྐོར། སྡེ་ཚན་གསུམ་པ་བོན་གྱི་དགོན་སྡེ་རི་ཁྲོད་སྐོར། སྡེ་ཚན་བཞི་པ་བོན་གྱི་གནས་རི་སྒྲུབ་གནས་སྐོར། སྡེ་ཚན་ལྔ་པ་བོན་གྱི་གསུང་རབ་ངོ་སྤྲོད་སྐོར། སྡེ་ཚན་དྲུག་པ་བསྟན་སྲུང་ཡི་དམ་ལྷ་ཚོགས་སྐོར། སྡེ་ཚན་བདུན་པ་བོན་གྱི་རྣམ་གྲངས་སྐོར། སྡེ་ཚན་བརྒྱད་པ་ཞང་ཞུང་གི་ཐ་སྙད་སྐོར། ད་དུང་སྲིད་པ་རྒྱུད་ཀྱི་བོན་སྐོར་ངོ་སྤྲོད་བཅས་ཀྱི་ནང་ནས་སྡེ་ཚན་སྔ་མ་བཞི་ཞུ་དག་དག་སྒྲིག་ཟིན་ལ། ད་ལན་སྡེ་ཚན་ཕྱི་མ་བཞི་ནི་བོན་གྱི་ཐ་སྙད་སྤྱི་དང་། བོན་གྱི་གནས་རི་སྒྲུབ་གནས་སྐོར། ལྷ་དང་སྲུང་མའི་སྐོར། བོན་གྱི་གསུང་རབ་སྐོར་བཅས་ཀྱིས་གྲུབ་པ་ཞིག་ཡིན་ལ།

1516158294704559.jpg

   ད་ལན་ངེད་རྩོམ་སྒྲིག་ཚོགས་མི་རྣམས་༼ འགོ་བ་དགེ་བཤེས་བསྟན་འཛིན་འབྲུག་གྲགས་དང་། རྟོགས་ལྡན་བསྐལ་ཁོ། སེང་སྤྲུལ་རིག་འཛིན་ཉི་མ། པཎ་ཙ་བསྟན་འཛིན་དར་རྒྱས། དབྲ་ཁྱུང་སྐལ་བཟང་ནོར་བུ། སྒོ་རིགས་དགེ་བཤེས་ཤེས་རབ་གྲགས་པ། ཉག་སྤྲུལ་བསོད་ནམས་རྒྱ་མཚོ། དགེ་བཤེས་བསོད་ཀོ། རིན་སྤུངས་ཚུལ་བསྟན་བཅས་མི་སྣ་དགུ། ༽ཀྲུང་གོ་ཡུན་ནན་ཞིང་ཆེན། ཐན་ཁྲོམ་གྲོང་ཁྱེར་དུ་འཛོམས་རྒྱུར་ཐག་བཅད་དེ་འདི་ལོའི་སྤྱི་ཟླ་བཅུ་གཉིས་པའི་ཚེས་ཉེར་དྲུག་ཉིན་རྩོམ་སྒྲིག་པ་རྣམས་རྒྱལ་ཡོངས་ཕྱོགས་སོ་སོའི་གནམ་ཐང་ནས་ཆས་ཏེ་ཡུན་ནན་ཞིང་ཆེན་ཁུ་མིན་རྒྱལ་སྤྱིའི་གནམ་ཐང་དུ་ལྷན་འཛོམས་ཐུབ་པ་བྱས། དེ་ནས་དེ་ཉིན་ཉིན་གུང་ཁུ་མིན་གནམ་ཐང་ནས་དེ་ཐན་ཁྲོམ་གནམ་ཐང་དུ་འབྱོར།

1516158294348772.jpg

  དེའི་ཕྱི་ཉིན་སྤྱི་ཟླ་བཅུ་གཉིས་པའི་ཚེས་ཉེར་བདུན་ཉིན་ནས་ཉིས་སྟོང་བཅོ་བརྒྱད་ལོའི་སྤྱི་ཟླ་དང་པོའི་ཉེས་བཅོ་ལྔའི་བར་གོང་གསལ་བོན་གྱི་ཚིག་མཛོད་ཀྱི་ལེ་ཚན་ཁག་རྣམས་སྐྱར་ཞུས་ཚུལ་དུ་ཞུ་དག་དང་དག་བཤེར་བཅས་ཀྱི་ལས་དོན་ལེགས་པར་འགྲུབ་པ་བྱས།

1516158294864250.jpg
1516158294444690.jpg

 ཐེངས་འདིར་ཐུགས་རྗེ་ཆེ་ཞུའི་ཚུལ་དུ་རྩོམ་སྒྲིག་པ་རྣམ་པ་ཚང་མས་ལོ་མང་རིང་། གྲོ་རང་གྲོ།རྟ་རང་རྟ།ཞེས་པའི་དཔེ་ལྟར་རང་གྲོ་ཁུག་མ་དང་། རང་རྟ་སྒུར་རུ་བྱས་ཏེ་དཀའ་བའི་ཕྱག་དང་། དཀོན་པའི་རྒྱུ་སོགས་བརྩོན་པ་ལྷུར་ལེན་དང་དཔལ་འབྱོར་གྱི་དཀའ་ངལ་ཇི་ལྟར་འཕྲད་ཀྱང་།

1516158294308623.jpg
1516158294136746.jpg

   སྤྱིར་སངས་རྒྱས་ཀྱི་བསྟན་པ། སྒོས་སུ་འགྲོ་བའི་བདེ་སྐྱིད། ཁྱད་པར་དུ་མི་རིགས་རང་ཉིད་ཀྱི་ཤེས་རིག་ལོ་རྒྱུས་འདི་འཛམ་གླིང་མི་རིགས་ཁག་གི་སྤྱན་སྔར་ལེགས་སྐྱེས་ཤིག་ཕུལ་ཐུབ་ན་སྙམ་པའི་ཀུན་སློང་རྣམ་དག་གིས་གཞིར་འཛིན། ཞང་བོད་མི་རིགས་ཀྱི་ལོ་རྒྱུས་རིག་གནས་སྟོང་ཆ་ཁ་བསྐང་ཐུབ་ཆེད་དུ་ངལ་བ་དང་དུ་བླངས། ལྗི་མོ་འཕྲག་ཏུ་ཁུར་ཏེ། རྣམ་པ་ཚང་མས་ཆོད་སེམས་བརྟན་པོའི་སྒོ་ནས་ད་བར་ཉིན་མཚན་ལྟོས་མེད་འབད་བརྩོན་ལྷོད་མེད་གནང་བ་དང་།

1516158294572623.jpg
1516158294132968.jpg

   ཁྱད་པར་དུ་སྤུན་ཟླའི་མི་རིགས་གཞན་གྱིས་ལས་དོན་འདི་གལ་ཆེའི་རང་བཞིན་དང་ལོ་རྒྱུས་ཀྱི་རིན་ཐང་ལྡན་པའི་རྒྱུ་མཚན་ཞིག་ཏུ་མཐོང་སྟེ་དེ་སྔོན་ངེད་ཚོས་ཚིག་མཛོད་རྩོམ་སྒྲིག་ལས་དོན་ལ་དཀའ་སྤྱད་འབད་བརྩོན་བྱེད་ཚུལ་ཁོ་ཚོས་ཤེས་རྟོགས་བྱུང་བར་བརྟེན་ངེད་རྩོམ་སྒྲིག་ཚན་མི་རྟོགས་ལྡན་བསྐལ་ཁོ་མཆོག་དང་། ཁོང་གི་སློབ་མ་དུ་མ་ཞིག་གིས་ངེད་རྩོམ་སྒྲིག་ཚོགས་མི་ཡོངས་༢༠༡༥ལོརཡུན་ནན་ཏ་ལིས་གྲོང་ཁྱེར་འཛོམས་སྐབས་ཕར་ཚུར་འགྲོ་གྲོན་དང་ཉིན་བཅུ་བདུན་རིང་གི་གསོལ་ཟས་དང་བཞུགས་གནས་སོགས་ཀྱི་འགྲོ་གྲོན་ཆ་ཚང་རོགས་སྐྱོར་གནང་བ་མ་ཟད། ༢༠༡༦ལོར་ཡུན་ནན་ཞིང་ཆེན་རུའུ་ལིས་གྲོང་ཁྱེར་དུ་འཛོམས་སྐབས་ཀྱང་དད་ལྡན་སློབ་མ་ཁོང་རྣམས་ཀྱིས་སྔ་ལོ་བཞིན་ཕར་ཚུར་འགྲོ་གྲོན་དང་ཉིན་ཉི་ཤུའི་རིང་གི་གསོལ་ཟས་དང་བཞུགས་གནས་སོགས་ཀྱི་འགྲོ་གྲོན་ཆ་ཚང་རོགས་སྐྱོར་གནང་། ད་ལོ་ཡང་ཡུན་ནན་ཞིང་ཆེན་ཐན་ཁྲོམ་གྲོང་ཁྱེར་དུ་འཛོམས་སྐབས་ཀྱང་དད་ལྡན་སློབ་མ་ཁོང་རྣམས་ཀྱིས་སྔ་ལོ་བཞིན་ཕར་ཚུར་འགྲོ་གྲོན་དང་ཉིན་ཉེར་གསུམ་རིང་གི་གསོལ་ཟས་དང་བཞུགས་གནས་སོགས་ཀྱི་འགྲོ་གྲོན་ཆ་ཚང་རོགས་སྐྱོར་གནང་བར་ངེད་རྩོམ་སྒྲིག་ཚན་ཆུང་གིས་ཁོང་རྣམས་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་།

1516158667112850.jpg
1516158813241021.jpg
1516158813894157.jpg
1516158294540307.jpg

   ང་ཚོས་ལོ་མང་རིང་འབད་བརྩོན་བགྱིས་པའི་གྲུབ་འབྲས་ལ་བོད་ཡིག་ཚིག་མཛོད་ཆེན་མོ་ལས་༼བོན་གྱི་རྣམ་གྲངས་ཀུན་བཏུས།༽༢༠༡༧ལོར་མི་རིགས་དཔེ་སྐྲུན་ཁང་ནས་དཔར་དུ་བསྐྲུན་ཟིན་པ་དང་། མ་ཟད་ང་ཚོ་བོན་གྱི་ཚིག་མཛོད་རྩོམ་སྒྲིག་ཚོགས་པའི་ངོས་ནས་བོད་ཡིག་ཚིག་མཛོད་ཆེན་མོ་ལ་དགོས་པའི་རིགས་ཚང་མ་ལས་དོན་བསྒྲུབས་ཟིན་ལ། མི་རིགས་དཔེ་སྐྲུན་ཁང་ནས་ཀྱང་ལོ་རེའི་འཆར་གཞི་ལྟར་སྡེ་ཚན་ཁག་རིམ་བཞིན་དཔར་དུ་སྐྲུན་རྒྱུ་རེད། གཞན་ང་ཚོ་རྩོམ་སྒྲིག་ཚོགས་པའི་ངོས་ནས་ལོ་མང་རིང་འབད་བརྩོན་བྱས་པའི་བོན་གྱི་སྡེ་ཚན་ཡོངས་ཕྱོགས་བསྡུས་ཅན་གྱི་༼བོན་གྱི་ཚིག་མཛོད་ཆེན་མོ།༽ཞིག་རིང་མིན་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་པར་སྐྲུན་བྱེད་རྒྱུའི་འཆར་གཞི་ལྟར་རིང་མིན་འཛམ་གླིང་མི་རིགས་ཁག་གི་མི་མང་དང་རྒྱ་ཆེའི་གཟིགས་པ་པོ་རྣམས་ཀྱི་སྤྱན་སྔར་གཟིགས་འབུལ་ཐུབ་རྒྱུའི་རེ་སྨོན་དང་ལས་དོན་ཐམས་ཅད་ཅི་བསམ་དོན་འགྲུབ་ཡོང་བའི་སྨོན་འདུན་ཞུ་རྒྱུ་བཅས་སོ།།