མདུན་ཤོག

བོན་གྱི་བྱ་འགུལ། - བོན་སྒོ་བཞི་མཛོད་ལྔའི་བགྲོ་གླེང་གི་ངོ་སྤྲོད་རགས་བསྡུས།

བོན་སྒོ་བཞི་མཛོད་ལྔའི་བགྲོ་གླེང་གི་ངོ་སྤྲོད་རགས་བསྡུས།

 


2018-1-22 10:27:23 རྩོམ་པ་པོ། དྲུང་ཡིག་ཚན་ཁག བྱུང་ཁུངས། གངས་ལྗོངས་བོན། ཀློག་གྲངས།

Fl201801211723293136.jpg
Fl201801211723303573.jpg

༢༠༡༨/༡//༢༡ཉིན་ཁྲིན་ཏུའུ་ལ་དངོས་སུ་ཚོགས་ཞུགས་མི་སྣ། ཐར་བདེ་སྤྲུལ་ཚེ་དབང་འཇིགས་མེད། མཁན་པོ་ཚེ་རིང་ནོར་བུ། དགེ་བཤེས་ཚེ་དབང་རྒྱལ་མཚན། དགེ་བཤེས་གཙུག་ཕུད་ཚུལ་ཁྲིམས། དགེ་བཤེས་ཚེ་རིང་འགྱུར་མེད། མཁན་པོ་ཚེ་དབང་བསྟན་འཛིན། མཁན་གནམ་གསས་རྡོ་རྗེ། ལས་མི་གཡུང་དྲུང་ཚེ་རྒྱལ། ལས་མི་ལི་གཡང་བཅས་དངོས་ཞུགས་གནང་།

IMG_1768.JPGIMG_1770.JPG

   བོན་སྒོ་བཞི་མཛོད་ལྔའི་བགྲོ་གླེང་གོ་སྒྲིག་ཚོགས་ཆུང་ནས་གྲོས་མཐུན་བྱུང་ཡོད་པ་ནི།  ད་ལན་རྩ་བའི་སྙིང་དོན་ནི་ཤིང་ཕོ་ཁྱི་ཡི་ལོ་སྟེ༢༠༡༩ལོའི་སྤྱི་ཟླ་༡པོའི་ཚེས༡༣ནས་སྤྱི་ཟླ་༢པའི་ཚེས་༡༣ནང་ཚུན་དང་། བོད་ཟླ་༡༢་པའི་ཚེས་༢༥ནས་བོད་ཟླ་༡པོའི་ཚེས་༢༥ནང་དུ་ཉིན་གསུམ་གྱི་རིང་ལ་སྤོས་ལྡན་གྲོང་ཁྱེར་དུ་བོན་སྒོ་བཞི་མཛོད་ལྔ་ལས་ཐེངས་དང་པོར་དབུ་མའི་བགྲོ་གླེང་ཆེན་མོ་ལ་ཁམས་ཡན་ལག་ཚོགས་པའི་ཁོངས་གཏོགས་ཀྱི་དགེ་བཤེས་དང་མཁན་པོ་ཚོས་དཔྱད་རྩོམ་འཐུས་ཚང་རེ་བཀའ་དྲིན་སྐྱོང་ནས་ཚོགས་ཐོག་ཏུ་ངེས་པར་དུ་འཛོམས་པར་བཀའ་དྲིན་སྙིང་ནས་ཞུ།

Fl201801211737982968.jpg
Fl201801211737366030.jpg

   བགྲོ་གླེང་དང་དཔྱད་རྩོམ་དཔེ་སྐྲུན་གཉིས། དེ་མིན་གོ་སྒྲིག་ཚོགས་ཆུང་གི་ཚོགས་འདུ་ཆེ་ཕྲ་མཐའ་དག་གི་འགྲོ་གྲོན་ཡོངས་རྫོགས་ཀྱི་མཐུན་རྐྱེན་ཆ་ཚང་ཐར་བདེ་སྤྲུལ་སྐུ་ཚེ་དབང་འཇིགས་མེད་དང་མཁན་ཚེ་རིང་ནོར་བུ་རྣམ་པ་གཉིས་ནས་བཀའ་དྲིན་གནང་རྒྱུ་ཡིན།

དབུ་མའི་བགྲོ་གླེང་གོ་སྒྲིག་ཚོགས་ཆུང་གི་དྲུང་ཡིག་ཚན་ཁག་ནས༢༠༡༨/༡/༢༢ཉིན་སྤེལ།

གོ་སྒྲིག་ཚོགས་མི།
སློབ་སྟོན་པ།  ཁམས་ཡན་ལག་ཚོགས་པའི་ཚོགས་གཙོ།
              མཁན་རིག་འཛིན་དབང་རྒྱལ།
སློབ་སྟོན་པ།  སེང་སྤྲུལ་དགེ་བཤེས་རིག་འཛིན་ཉི་མ།
ཚོགས་གཙོ།    ཐར་བདེ་སྤྲུལ་སྐུ་ཚེ་དབང་འཇིགས་མེད།
ཚོགས་གཞོན།  མཁན་ཚེ་རིང་ནོར་བུ།
དྲུང་ཡིག    དགེ་བཤེས་ཚེ་དབང་རྒྱལ་མཚན།
དྲུང་ཡིག    དགེ་བཤེས་གཙུག་ཕུད་ཚུལ་ཁྲིམས།
དྲུང་ཡིག    དགེ་བཤེས་ཚེ་རིང་འགྱུར་མེད།
IMG_1768.JPG
IMG_1767.JPG