མདུན་ཤོག

མཉམ་འབྲེལ་ལྷན་ཚོགས། - གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ལོ་རྒྱུས་མཚམས་སྦྱོར།༼༢༣༽

གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ལོ་རྒྱུས་མཚམས་སྦྱོར།༼༢༣༽

 


2018-2-13 16:38:59 རྩོམ་པ་པོ། མཉམ་འབྲེལ་ལྷན་ཚོགས། བྱུང་ཁུངས། གངས་ལྗོངས་བོན། ཀློག་གྲངས།

11.jpg
བཞི། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱུན་ལས་ཚོགས་གཙོ་གཞོན་པ།

མཁན་པོ་རིག་འཛིན་དབང་རྒྱལ།
   ༡༩༦༦ལོར་སི་ཁྲོན་ཞིང་ཆེན་ཉག་རོང་རྫོང་དུ་འཁྲུངས། དཔལ་ཤར་རྫའི་རི་ཁྲོད་ཀྱི་མཁན་པོ་ཡིན། ཉེ་ཆར་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་དང་། དཀར་མཛེས་ཁུལ་སྡེ་དགེ་རྫོང་སྲིད་གྲོས་ཨུ་ཡོན། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཁམས་ཡན་ལག་ཚོགས་པའི་ཚོགས་གཙོ། དཀར་མཛེས་ཁུལ་ཉག་རོང་རྫོང་རིག་གཞུང་དར་སྤེལ་ཚོགས་པའི་སློབ་གསོའི་རྐང་འཛིན་མི་སྣ། ཉག་རོང་རྫོང་མི་ནུབ་དགོན་པའི་དོ་དམ་འཛིན་སྐྱོང་ཁང་གི་ཀྲུའུ་རེན་གཞོན་པ་བཅས་ཀྱི་འགན་གཅིག་ལྕོགས་སུ་ཁུར་བཞིན་ཡོད། དགུང་ལོ་བཅུ་གསུམ་ཐོག་མི་ནུབ་དགོན་པའི་ཚོགས་གྲལ་དུ་བཞུགས་ཏེ། སྔ་ཕྱིར་ཉག་སྟོད་མཁན་ཆེན་ཉི་མ་རིན་པོ་ཆེས་མཚོན་པའི་བསྟན་འཛིན་སྐྱེས་ཆེན་དུ་མ་མཉེས་པ་གསུམ་གྱིས་གཙུག་གི་རྒྱན་དུ་ལེགས་པར་བསྟེན་ཏེ་ཐུགས་རྒྱུད་གསང་གསུམ་བོན་གྱི་མཛོད་དུ་བསྒྲུབས། ད་ལྟ་ཀུན་མཁྱེན་འཇའ་ལུས་པ་ཆེན་པོ་སྟེ་གྲུབ་དབང་ཤར་རྫ་བ་རིན་པོ་ཆེའི་གདན་སར་བཤད་དང་སྒྲུབ་པའི་གདམས་ངག་གི་ཆར་ཆེན་འཛད་མེད་དུ་འབེབས་པས་སློབ་ཚོགས་སྟོང་ཕྲག་དུ་མ་སྨིན་གྲོལ་གྱི་ལམ་ལ་བཀོད་པར་མཛད་པ་དང་། ལྷག་དོན་དམ་པ་ཁོང་ཉིད་བསམ་སྦྱོར་ཡ་བྲལ་དུ་མ་སོང་བས་གཞན་ཕན་བྱང་ཆུབ་ཀྱི་སེམས་ལ་ཕྱིན་དྲུག་བསྡུ་བཞིའི་གོ་ཆ་བརྟན་པོར་བགོ་བར་དབང་འབྱོར་ཞིང་། དེས་མ་ཚད་མཁས་བརྒྱ་འགྲན་གླེང་སོགས་བསྟན་པའི་བདག་པོ་ཞིག་ལ་ཚང་དགོས་པའི་བཤེས་གཉེན་གསེར་གྱི་རི་དབང་གི་དོ་ཟླ་མཚུངས་པ་མེད་པར་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་སྐབས་དང་པོའི་བློ་འདྲི་ཞུ་ཡུལ་དང་། ༢༠༡༥ལོར་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་སྐབས་གཉིས་པའི་རྒྱུན་ལས་ཚོགས་གཙོ་གཞོན་པར་བདམས་ཐོན་བྱུང་བ་རེད།