མདུན་ཤོག

མཉམ་འབྲེལ་ལྷན་ཚོགས། - གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་ཆེན་གསུམ་འཚོགས་པའི་ཉིན་དྲུག་པ།

གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་ཆེན་གསུམ་འཚོགས་པའི་ཉིན་དྲུག་པ།

 


2018-9-25 22:30:29 རྩོམ་པ་པོ། གངས་ལྗོངས་བོན། བྱུང་ཁུངས། གངས་ལྗོངས་བོན། ཀློག་གྲངས།

1537802103906851.jpg

གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་སྐབས་གཉིས་པའི་རྒྱས་འཛོམས་ཚོགས་ཆེན་ཐེངས་གཉིས་པ་དང་། གཡུང་དྲུང་བོན་གཡས་རུའི་འཆད་རྩོད་ཆེན་མོ་ཐེངས་གཉིས་པ། ཞང་བོད་ཤེས་རིག་གཞུང་བརྒྱའི་བགྲོ་གླེང་ཆེན་མོ་ཐེངས་གཉིས་པ་བཅས་ཚོགས་ཆེན་གསུམ་འཚོགས་པ།

΢ÐÅͼƬ_20180924220122.jpg΢ÐÅͼƬ_20180924220113.jpg 

ཚེས་༡༥ ཉིན་གྱི་ཞོགས་པའི་ཆུ་ཚོད་༩ སྟེང་། ཚོགས་ཞུགས་པ་ཡོངས་ཚན་ཆུང་བཞི་རུ་བགོས་ཏེ་བོན་བསྟན་ཅི་ལྟར་འཛིན་སྐྱོང་སྤེལ་གསུམ་དང་ཞང་བོད་ཤེས་རིག་གི་བསམ་བློའི་དཔལ་ཡོན་རྒྱུན་འཛིན་དར་སྤེལ་བྱེད་ཐབས་ཐད་ནས་ཚོགས་མི་སོ་སོའི་བསམ་འཆར་གྲོས་གཞི་བཏོན་པ། 

 Î¢ÐÅͼƬ_20180924221357.jpg΢ÐÅͼƬ_20180924221510.jpg

ཚན་ཆུང་དང་པོའི་ཚོགས་འདུ་གཙོ་སྐྱོང་མཁན།  ཚོགས་གཞོན་སེང་སྤྲུལ་རིག་འཛིན་ཉི་མ། བློ་འདྲི་མི་སྣ་གདོང་བཙུན་རྒྱ་ཐར། ཟིན་བྲིས་འགོད་མཁན། དྲུང་ཡིག་པ་དགེ་བཤེས་བསྟན་འཛིན་རྣམ་རྒྱལ།

 Î¢ÐÅͼƬ_20180924221603.jpg΢ÐÅͼƬ_20180924221541.jpg

ཚན་ཆུང་གཉིས་པའི་ཚོགས་འདུ་གཙོ་སྐྱོང་མཁན། ཚོགས་གཞོན་མཁན་པོ་ཤེས་རབ་གཡུང་དྲུང་དབང་རྒྱལ། ཚོགས་གཞོན་སྟག་ཞིག་སྤྲུལ་སྐུ་ཡེ་ཤེས་ཉི་མ། ཟིན་བྲིས་འགོད་མཁན། དྲུང་ཡིག་པ་སྒོ་རིགས་དགེ་བཤེས་ཤེས་རབ་གྲགས་པ། དྲུང་ཡིག་པ་སྙན་བཟང་བསོད་ནམས་གཡུང་དྲུང་།

 Î¢ÐÅͼƬ_20180924221220.jpg233021312500628003.jpg

ཚན་ཆུང་གསུམ་པའི་ཚོགས་འདུ་གཙོ་སྐྱོང་མཁན། ཚོགས་གཞོན་སྣང་སྤྲུལ་ཤེས་རབ་འོད་ཟེར་རྒྱལ་མཚན།   ཟིན་བྲིས་འགོད་མཁན། དྲུང་ཡིག་པ་མཁན་པོ་ཚེ་དབང་རིག་འཛིན།

 Î¢ÐÅͼƬ_20180924221147.jpg00.jpg

ཚན་ཆུང་བཞི་བའི་ཚོགས་འདུ་གཙོ་སྐྱོང་མཁན།  ཚོགས་གཞོན་རག་ཞིག་ཀུན་གསལ་སྙིང་པོ། ཟིན་བྲིས་འགོད་མཁན། དྲུང་ཡིག་པ་རྒྱལ་མཚན་དྲི་མེད།

 Î¢ÐÅͼƬ_20180924222226.jpg΢ÐÅͼƬ_20180924222241.jpg

΢ÐÅͼƬ_20180924222444.jpg΢ÐÅͼƬ_20180924222501.jpg

ཉིན་གུང་གི་དུས་ཚིགས་ལ། རྔ་ཡུལ་རྟོགས་ལྡན་དགོན་ཆེན་དུ་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ་དང་སྣང་ཞིག་སྐྱབས་མགོན་བསྐལ་བཟང་བློ་གྲོས་རྒྱ་མཚོ་རྣམ་གཉིས་གཙོར་བྱས་པའི་ཚོགས་མི་ལྷན་རྒྱས་དང་དགོན་པ་སོ་སོའི་འཐུས་ཚབ་ཀྱི་མི་སྣ་ཉིས་བརྒྱ་ལྷག་རྟོགས་ལྡན་དགོན་དང་གདོང་ལི་སྨིན་གྲོལ་བསམ་གཏན་དར་རྒྱས་གླིང་གཉིས་ཀྱི་དད་ལྡན་ལྷ་འབངས་མང་པོའི་རླངས་འཁོར་གཉིས་བརྒྱ་ལྷག་གིས་བསུ་མའི་སྣ་དྲངས་ཏེ་ཆིབས་བསྒྱུར་གནང་བ་མ་ཟད་རྟོགས་ལྡན་དགོན་གྱི་གླིང་བར་དང་འདུ་ཁང་མདུན་དུ་དད་ལྡན་རྒན་དར་གཞོན་གསུམ་གང་མང་གིས་ཁ་བཏགས་ལག་ལ་བཟུང་ནས་བསུ་མ་རྒྱ་ཆེན་བྱས་ཤིང་ཁྱད་པར་བླ་མ་གྲྭ་ཚང་ཀུན་གྱིས་ཀྱང་སེར་ཕྲེང་ཚར་དུ་དངར་བ་བྱས་ནས་གདུགས་དང་རྒྱལ་མཚན་འཕན་དར་སོགས་མཁའ་ལ་བསྒྲེངས་ནས་རོལ་མོ་འབུད་རྡུང་དཀྲོལ་གསུམ་བྱས་ནས་དགའ་སྤྲོས་བསུ་མ་རྒྱ་ཆེན་གནང་། 

΢ÐÅͼƬ_20180924222406.jpg΢ÐÅͼƬ_20180924222430.jpg

΢ÐÅͼƬ_20180924222713.jpg΢ÐÅͼƬ_20180924222622.jpg

དེ་ནས་ཉིན་གུང་གི་གསོལ་ཟས་དྲངས་པ་དང་ཕྱག་རྒྱུད་གསུང་འབུམ་ལ་སོགས་པའི་འཚམ་རྟགས་གྱ་ནོམ་པ་ཕུལ་བ་དང་། ཁྱད་པར་རྟོགས་ལྡན་དགོན་གྱི་སྐྱབས་རྗེ་ཚུལ་ཆེན་རིན་པོ་ཆེ་དང་ནང་ཆེན་ཆེ་ཁག་དང་དགོན་པའི་ལས་སྣ་རྣམས་ཀྱིས་ཚོགས་གཙོ་རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ་དང་སྣང་ཞིག་སྐྱབས་མགོན་བསྐལ་བཟང་བློ་གྲོས་རྒྱ་མཚོ་རྣམ་གཉིས་ལ་སངས་རྒྱས་བསྟན་པའི་རྒྱལ་མཚན་མཁའ་རུ་བསྒྲེངས་པའི་སྣེ་ཁྲིད་ཀྱི་ལས་འགན་ཁུར་བར་བཀའ་དྲིན་སྙིང་ནས་ཞུ་ཕྱིར་ཁ་བཏགས་དང་རང་དགོན་གྱི་བླ་མ་རྣམས་ཀྱི་གསུང་འབུམ་སོགས་ཕུལ་ནས་ཚོགས་མི་རྣམས་ཕྱིར་ཕེབས་པ།

 Î¢ÐÅͼƬ_20180924222947.jpg΢ÐÅͼƬ_20180924223113.jpg

΢ÐÅͼƬ_20180924223148.jpg΢ÐÅͼƬ_20180924223237.jpg

ཕྱི་དྲོ་ཆུ་ཚོད་༡:༣༠ སྟེང་། ༡༽ འཆད་རྩོད་ར་བ་ཆེན་མོའི་ནང་རྩོད་པ་བ་ཀུན་འཆད་ར་འཚོགས། ༢༽ གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་ཞུགས་མི་སྣ་ལྷན་རྒྱས་ཀྱིས་འཆད་རར་གཟིགས་བསྐོར་གནང་། ༣༽ དྲུང་ཡིག་ཚན་ཁག་གིས་འཐུས་མིས་གཏམ་བཤད་ཟིན་བྲིས་ཕྱོགས་སྡོམ་བྱས།

593141088097094141.jpg791304513506439491.jpg 

༤༽ ཚོགས་གཞོན་རག་ཞིག་ཀུན་གསལ་སྙིང་པོ་མཆོག་གིས་རྒྱ་ཆེའི་དད་ལྡན་མང་ཚོགས་ལ་མ་ཏྲིའི་གོ་དོན་དང་ཕན་ཡོན་སྐོར་འཆད་ཁྲིད་གནང་།

 Î¢ÐÅͼƬ_20180924223333.jpg΢ÐÅͼƬ_20180924223347.jpg

དགོང་ཁར་དྲུང་ཆེ་འགོ་བ་དགེ་བཤེས་བསྟན་འཛིན་འབྲུག་གྲགས་མཆོག་གིས། ཚོགས་ཐོག་ནས་འཐུས་མིས་གཏམ་བཤད་གནད་བསྡུས་གསལ་བསྒྲགས་གནང་བ་བཅས་ཉིན་དྲུག་པའི་གནས་ཚུལ་རགས་རིམ་ཙམ་མོ།།

1537802545797637.jpg

1537803125105707.jpg

1537802553982071.jpg