མདུན་ཤོག

བོན་གྱི་བྱ་འགུལ། - ཁྲོམ་དགོན་དུ་བླ་མའི་ཁྲི་སྟོན་མཛད་སྒོ་བསྡུས་པ།

ཁྲོམ་དགོན་དུ་བླ་མའི་ཁྲི་སྟོན་མཛད་སྒོ་བསྡུས་པ།

 


2016-8-30 15:45:32 རྩོམ་པ་པོ། གངས་ལྗོངས་བོན། བྱུང་ཁུངས། གངས་ལྗོངས་བོན། ཀློག་གྲངས།

 03.jpg

   དེ་ཡང་སངས་རྒྱས་སྟོང་གི་བྱིན་མཐུ་ལས་མཆོག་གསུམ་ལ་མོས་པར་གུས་པའི་བོད་གངས་ཅན་པའི་ཕ་ནོར་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པའི་དགོངས་དོན་དང་ད་ལྟའི་བོན་གྱི་སྲོལ་རྒྱུན་ལྟར་ན་བོན་ལ་ཐུན་མོང་མ་ཡིན་པའི་གདུང་རྒྱུད་དེ་བྲུ་ཞུ་སྤ་རྨེའུ་གཤེན་དང་ཁྱུང་བཅས་གཙོ་བོར་བཟུང་ནས་དད་འདུན་བྱེད་པ་དང་ཡང་ན་བླ་མའི་གོ་གནས་ཁྱད་པར་ཅན་དུ་བཟུང་བའི་སྲོལ་རྒྱུན་ལས་སྤྲུལ་སྐུ་ཟེར་བའི་ལམ་ལུགས་དེ་ཅུང་དར་སྲོལ་དམན་ན་ཡང་རྒྱལ་ཁབ་རིམ་པའི་གཏན་འབེབས་ལྟར་༧དཔལ་གཤེན་བསྟན་ཁྲོམ་ཚང་དགོན་གཡུང་དྲུང་ཀུན་གྲགས་གླིང་གི་ཁྲི་འཛིན་རིན་པོ་ཆེ་ཞུ་སྟོན་བསྐལ་བཟང་མཐོང་གྲོལ་ཡོན་ཏན་རྒྱ་མཚོ་མཆོག་ཡང་སྲིད་བླ་མའི་ཁྲི་འདོན་གསེར་ཁྲིར་མངའ་གསོལ་མཛད་རྒྱུའི་ཆོག་མཆན་གནང་བ་བརྒྱུད་ཁྲི་སྟོན་མཛད་པ་སྟེ།

09.jpg
08.jpg

   སྤྱི་ལོ་༢༠༡༦ལོའི་ཟླ་བ་༨པའི་ཚེས་༡༩ཉིན་ནས་བཟུང་འདི་གའི་སྡེ་དགོན་ཡོངས་ཀྱི་མ་གྲོས་བསམ་པ་གཅིག་མཐུན་ངང་མཛད་སྒོའི་སྟ་གོན་གྱི་གཞས་གླུ་བྲོ་གསུམ་གྱི་མཆོད་པའི་སྤྲོ་ཚོགས་དངོས་སུ་དབུ་བརྙེས་ཏེ་དད་འབངས་ལྷ་སྡེ་ཡོངས་ཀྱིས་དགའ་དད་སྤྲོ་གསུམ་གྱི་ངང་ནས་ཉིན་ལྔའི་རིང་དུ་གླུ་གར་གྱི་མཆོད་པ་དང་དགའ་དད་རྩེད་མོས་ཐུགས་དམ་མཉེས་སུ་ཕུལ་ཏེ་སྤྲོ་ཚོགས་ལ་རོལ། སྤྱི་ཚེས་༢༤ཉིན་རིན་པོ་ཆེ་གང་ཉིད་ཡབ་གཞིས་ནས་དགོན་གྱི་བླ་བྲང་དུ་ཆིབས་བསུ་གཟབ་རྒྱས་གནང་སྟེ་སེར་འཕྲེང་ལུ་གུ་བརྒྱུད་སོགས་རོལ་མོ་དབྱངས་ཀྱིས་གདན་དྲངས་བ་དང་སྤྱི་ཚེས་༢༥དང་བོད་ཚེས་༢༣མེ་རླུང་འཕྲད་པའི་ཉིན་མོ་སྟེ།

10.jpg
01.jpg

   ལུང་ལས།
མེ་རླུང་འཕྲད་པ་སྟོབས་ལྡན་འབྱོར།།
སྟོབས་ལྡན་འབྱོར་བས་བཀྲ་ཤིས་བྱེད།།
རིམ་གྲོ་ལྷ་གསོལ་བོན་སྤྱོད་བྱ།།
ཞི་རྒྱས་དབང་གི་ལས་རྣམས་འགྲུབ།།

   ཅེས་ལུང་རིགས་ཀྱི་གོ་ཆ་འཆང་བའི་ཉིན་མོ་དེར་༧ཞུ་སྟོན་རིན་པོ་ཆེ་ཁྲི་སྟོན་མཛད་སྒོ་དངོས་སུ་དབུ་བརྙེས་པ་དང་ལྗོངས་རིམ་པ་དང་ས་གནས། དེ་བཞིན་རྫོང་བཅས་ཀྱི་དབུ་ཁྲིད་རྣམས་ནས་གདེང་འཇོག་ཚད་མཐོའི་ངང་ཁྲི་འཛིན་བླ་མའི་ཕྱག་ཁྱེར་བསྩལ་གནང་བ་སྟེ་གཡུང་དྲུང་བོན་གྱི་ཐུན་མིན་ལུགས་ལྟར་གསེར་གྱི་ཁྲི་རུ་མངའ་གསོལ་ནས་སྐུ་གསུང་ཐུགས་ཀྱི་དད་རྟེན་རྣམས་རིམ་པར་བརྟན་བཞུགས་སུ་ཕུལ།

04.jpg
06.jpg

   སྦྲ་ཆེན་རྫོང་གི་དགོན་སྡེ་སོ་སོའི་བླ་ཆེན་ཁག་༧ཞུ་སྟོན་བསྐལ་བཟང་གཡུང་དྲུང་རིན་པོ་ཆེ་དབུས་པའི་བླ་ཆེན་རྣམས་གདན་འཇགས་ཞུས་ཏེ་སོ་སོས་རིན་པོ་ཆེ་གང་ཉིད་མི་གཇིགས་གདོང་ལྔའི་ཁྲི་རུ་བསྐལ་བརྒྱར་བརྟན་ཕྱིར་སྐུ་གསུང་ཐུགས་ཀྱི་རྟེན་བཞེངས་སུ་བགྱིས་པ་དང་ལྷག་པར་དུ་འདི་གའི་བཤད་སྒྲུབ་གཉིས་ཀྱིས་སྐུ་མཆོག་གང་ཉིད་བསྟན་འགྲོའི་དོན་དུ་གཡོ་མེད་བཞུགས་པའི་རྟེན་དུ་ཕྱོགས་ཡོངས་ཀྱི་བླ་སྤྲུལ་དང་སྐྱ་སེར་རྣམས་ཀྱིས་ངག་གི་མཆོད་པ་ལས་སྐྱོར་བའི་ཤིས་སྨོན་བདམས་བསྒྲིགས་༼ དྲང་སྲོང་མཆོད་པའི་དགྱེས་སྟོན༽ ཞེས་པའི་དཔེ་ཚོགས་དངོས་སུ་ཞལ་མཇལ་གནང་ནས་དད་པའི་ཞིང་ས་རུ་མངོན་པར་གནང་ངོ་།།

05.jpg
82C90D1334938D089E7A59AB93B09924.jpg
02.jpg

   སྤྱི་ཚེས་༢༦ཉིན་ལྷ་སྡེ་ཡོངས་ཀྱི་འདོད་དོན་ལྟར་སྙིགས་མའི་ངན་ཚོགས་འཇོམས་པའི་དྲན་པ་ཡབ་སྲས་གསུམ་གྱི་བཀའ་དབང་རྒྱས་པར་གནང་སྟེ་བདེ་ལེགས་ངང་མཛད་སྒོའི་གོ་རིམ་མཇུག་གྲུབ་པ་བཅས་མདོར་བསྡུས་ཙམ་དུ་སྟོང་སྐོར་ཉི་གཞོན་ནམ་སྟོང་སྲས་ལྷ་བུ་རུ་འབོད་པ་དེས་སྦྱར་རོ།།