མདུན་ཤོག

ལོ་རྒྱུས་མི་སྣ། - གནའ་བོའི་ཞང་ཞུང་གི་རིག་གནས་གཤིན་པོའི་བླ་འཁོར་ཆ་བདུན།

གནའ་བོའི་ཞང་ཞུང་གི་རིག་གནས་གཤིན་པོའི་བླ་འཁོར་ཆ་བདུན།

 ཞང་ཞུང་ཁྱུང་ལུང་དངུལ་མཁར་གུར་གྱམ་དགོན་པའི་བང་སོའི་གནའ་རྫས་ཀྱི་གྲལ་དུ་བླ་འཁོར་ཆ་བདུན་གྱི་སྐོར་ཞིག


2016-9-4 18:18:58 རྩོམ་པ་པོ། གངས་ལྗོངས་བོན། བྱུང་ཁུངས། གངས་ལྗོངས་བོན། ཀློག་གྲངས།

ཞང་ཞུང་ཁྱུང་ལུང་དངུལ་མཁར་གུར་གྱམ་དགོན་པའི་བང་སོའི་གནའ་རྫས་ཀྱི་གྲལ་དུ་བླ་འཁོར་ཆ་བདུན་གྱི་སྐོར་འགའ་ཞིག་ཡོད་པ་འདི་ལྟར་ཏེ།
༡༽ 

༢༽  བླ་འཁོར་ཆ་བདུན་གཉིས་པ།་་གསུང་རྟེན་མཚན་བྱང་སྐྱ་བོ་གཉིས།    ཞེས་པ་དེ་མེད་ཅིང་།
༣ ༽

༤ ༽

༥ ༽

༦ ༽

༧ ༽

   གཡུང་དྲུང་བོན་ལུགས་སུ་བླ་འཁོར་ཆ་བདུན་ཞེས་པ་དེ་ནི་གཤིན་པོའི་ཞག་གསུམ་དང་བདུན་ཚིག་ཞེ་དགུའི་བྱང་ཆོག་གི་སྐབས་སུ་དགོས་གལ་ཆེ་བ་ཡིན་ཞིང་དེང་སྐབས་སུ་དར་བཞིན་པའི་སྒང་ཡིན་མོད།    པུར་ས་ལ་སྦས་སྐབས་སུ་དེང་དུས་ནི་དེ་ལྟར་དགོས་སྲོལ་མེད།    འོན་ཏང་གནའ་བོའི་ཞང་ཞུང་སྐབས་སུ་བང་སོ་རྩེགས་སྐབས་སུ་གཏད་ཡར་གྱི་རྫས་སམ་དུར་རྒྱགས་མང་པོ་དང་།    བླ་འཁོར་ཆ་བདུན་གྱི་རིགས་སོགས་རྫས་དང་ཡོ་བྱད་ས་ལ་སྦས་སྲོལ་བྱུང་མྱོང་ཡོད་པ་ནི།   ང་ཚོ་ཞང་ཞུང་གནའ་ཤུལ་གྲགས་ཅན་ཁྱུང་ལུང་དངུལ་མཁར་འོམ་པོ་སྒོ་བཞི་སམ་མཁར་གདོང་གདོང་གནའ་ཤུལ་གྱི་ནུབ་འགྲམ་དུ་གནས་པའི་གུར་གྱམ་དགོན་པའི་བང་སོ་ཞེས།   ལོ་ངོ་གཅིག་སྟོང་དྲུག་བརྒྱའི་གོང་གི་བང་སོ་རྙེད་སོན་བྱུང་བའི་གནའ་རྫས་ཀྱི་གྲལ་དུ།     མིའི་རུས་སྒྲོམ་དང་དུར་རྒྱགས་མང་པོ་འདུག་ཅིང་ད་དུང་བླ་འཁོར་ཆ་བདུན་སྐོར་ནི།   གསུང་རྟེན་མཚན་བྱང་སྐྱ་བོའི་ནི་དངོས་སུ་མིའི་པུར་ཡོད་པས་མི་འདུག་མ་གཏོགས་གཞན་སྤྱིར་བཏང་བཤད་ནས་གྲངས་བདུན་ཚང་བར་འདུག    འོན་ཀྱང་དེེང་སྐབས་སུ་མི་ཚོས་བཤད་ནས།   ཤུལ་མཚོན་ནམ་མཁའ་འཇའ་རིས་སམ།   ཡང་ན་སྐུ་རྟེན་གསེར་ཞལ་སེར་པོ།   ཞེས་ནམ་མཁའ་གཅིག་བུ་ལ་གོ་ཞིང་དེས་ཆོག་པའི་ངོས་འཛིན་བྱེད་མོད།   དེ་ལྟར་མིན་ཏེ་བླ་འཁོར་ཆ་བདུན་ནང་ཚན་དུ་དབྱེ་ནས་མུ་ཆོའི་ཁྲོམ་འདུར་ལྟར་ནས།    ཤུལ་ཚོན་ནམ་མཁའ་འཇའ་རིས་དང་།   ཞེས་དེ་ལ་དང་པོ་ཤུལ་མཚོན་ལ་ནམ་མཁའ་དང་སྨྲ་ཞལ་ཞེས་གསེར་ཞལ་སོགས་དང་།   གཉིས་པ་གསུང་རྟེན་མཚན་བྱང་སྐྱ་བོ་ལའང་དར་དང་ཤོག་བུ་གནས་ཡིག་དང་།   གསུམ་པ་བླ་རྡོའམ་གདུང་རྡོ་ལ་རིན་ཆེན་སྣ་ལྔའི་དུར་རྡོ་དང་བླ་གཡུ་དང་།   བཞི་པ་མཚུན་རྟེན་ནམ་སྐུ་རྟེན་ལ་སུར་དཀར་དང་སྙུག་རྒོད་སོགས་ཤིང་སྣ་འགའ་ཞིག་དང་རྩི་བཅུད་མར་དང།    ལྔ་པ་ཐུགས་རྟེན་ལ་ན་བཟའ་དྲི་མ་ལ་སྒེག་ཆོས་རྒྱན་གོས་མལ་ཆ་སོགས་དང་།   དྲུག་པ་ངེས་རྟགས་དུས་མདའ་དང་དུས་འཕང་ཞེས།   ཕོ་ལ་མདའ།    མོ་ལ་འཕང་།   བདུན་པ་འཕྲུལ་ཤིང་ངམ་དབུ་ཤུག་ཅེས་དཔག་བསམ་ཤིང་ངམ་ཤུག་པ་དགོས་པས།   མཐའ་གཅིག་ཏུ་བླ་འཁོར་ཆ་བདུན་རེ་རེ་ལ་སྣ་རེ་མ་གཏོགས་མི་དགོས་པའི་ངེས་པ་མི་འདུག་པ་མ་ཟད།     ཏུན་ཧོང་བོན་གྱི་ཡིག་རྙིང་དུ།    ་་་དེའི་འོག་ཏུ་ནམ་ཀ།  དེའི་འོག་ཏུ་སྨྲ་ཞལ།  དེའི་འོག་ཏུ་དང་སྐུ་རྟེན།   ཞེས་ཞལ་གསལ་པོས་གསུངས་པས་སོ། །

བླ་འཁོར་ཆ་བདུན་དང་སྨྲ་ཞལ་ཏེ་གསེར་ཞལ་གྱི་སྐོར་ནི།   

   སྔགས་ཀྱི་མདོ་འདུར་རིན་ཆེན་ཕྲེང་བ་མུ་ཆོའི་ཁྲོམ་འདུར་ཆེན་མོ་ལས་ཚེ་འདས་ཀྱི་བླ་འཁོར་ཆ་བདུན་བསྐྱེད་པ་ལས།   མཚན་མའི་བླ་འཁོར་ཆ་བདུན་ཏེ།   ཤུལ་མཚོན་ནམ་མཁའ་འཇའ་རིས་དང་།   གསུང་རྟེན་མཚན་བྱང་སྐྱ་བོ་གཉིས།   རིན་ཆེན་བླ་རྡོ་འཕུར་མ་གསུམ།  སྐུ་སྟེང་༼རྟེན་༽སུར་དཀར་སྙུག་རྒོད་བཞི།   ཐུགས་རྟེན་ན་བཟའ་དྲི་མ་ལྔ།  ངེས་རྟགས་དུས་མདའ་དུས་འཕང་དྲུག །  འཕྲུལ་ཤིང་དབུ་ཤུག་རིང་ལྡེམ་བདུན།   དེ་སྟེང་བླ་འཁོར་ཆ་བདུན་པོ།   དང་པོ་གནམ་མའི་༼སའི༽བག་ལ་བྱུང་།  བར་དུ་གནམ་སའི་བག་ལ་བཞེངས།   ཐ་མ་གནམ་སའི་བག་ལ་བསྟིམ།  དེ་ནམ་མཁའ་མུན་སེལ་སྒྲོན་མེ་འོད།  འབྱུང་བ་ལྔ་ཡི་འོད་ལ་གྲུབ།   ཡེ་ཤེས་ལྔ་ཡི་མདངས་དང་ལྡན།  དཔེ་ནི་ནམ་མཁའ་གསལ་བའི་དཔེ།   དོན་ནི་འདས་པའི་སྣང་གསལ་སྒྲོན།   འདུར་གཤེན་ཐུགས་རྗེས་བྱིནབས་ནི།  སྤྲུལ་པ་མི་འདྲ་ཅི་ཡང་སྣང་།   སྨྲ་ཤེས་ཞལ་གྱི་ཚབ་ཀྱང་ཡིན།  གསེར་ཞལ་གཡུ་ཡི་སྨིན་འཁྱུག་ཅན།   དངུལ་ཞལ་གསེར་གྱི་སྨིན་འཁྱུག་ཅན།   དུང་ཞལ་དངུལ་གྱི་སྨིན་འཁྱུག་ཅན།   དར་ཞལ་མཚལ་གྱི་བ་དན་ཅན།   རྗེ་དང་བརྡ་མཇལ་གཏམ་ཡང་བྱེད།   དྲག་བྱེད་བདུད་ལ་ཤག་ཀྱང་འདེབས།   དཀོར་ནོར་སྐོང་འགྲུབ་བཅུད་དང་ལྡན།  རྗེ་ལ་ཡོ་བྱད་གསང་ཡང་འདྲེན།  ཉམས་ནོངས་འདས་པའི་འཕང་བཙུན་གྱིས།   བཀྲག་ཤོར་མདངས་ཉམས་ཞལ་བླན་ཕྱིར།   འབྱུང་བ་འོད་ཀྱི་དངས་མ་དེ།   ཁར་རྩང་ནམ་མཁའ་འཇའ་རིས་བཞེངས།  འདས་པས་བཀའ་ཐུགས་བླ་ཡིད་དེ།   ནམ་མཁའ་སྒྲོན་མ་འདུར་ཡག་པའི།  དུག་ལྔའི་མུན་པ་མཐའ་ནས་དང་༼དངས༽།   རྣམ་ཤེས་ཁྲི་མུན་ནང་ནས་འདོན།  ནམ་མཁའ་ཕན་བསོད་དེ་ལྟར་ཆེ།  ད་ནི་ནམ་མཁའི་ལས་རྫོགས་པ།  འཕང་བཙུན་ཁྱོད་ཀྱི་བཀའ་ཐུགས་དེ།   མཚན་མའི་རྫས་ལ་མ་ཐོག་ཅིག   མཚན་མའི་རྫས་ཀྱི་ནམ་མཁའ་འདི།   མཚན་མའི་སྟོང་པའི་མུ་ཁ་བསྐྱོད།   འཕང་བཙུན་ཁྱོད་ཀྱི་བཀའ་ཐུགས་དེ་ཀྱང་།   རྟེན་མེད་སེམས་ཀྱི་ཀློང་དུ་ཡང་།   སེམས་ཉིད་བོན་ཉིད་མུ་འབྲེལ་ནས།   དགའ་ཡུལ་དབྱིངས་སུ་སླེབ་པར་ཤོག ། 

 

   དེ་ལྟར་འདིའི་དཔེ་ཆ་ཆ་ཚང་ནི་གཤམ་གྱི་པར་རིས་ལ་གཟིགས་དང་།   ད་དུང་དེའི་སྐོར་རྒྱས་པ་ནི་༼སྔགས་ཀྱི་མདོ་འདུར་རིན་ཆེན་ཕྲེང་བ་མུ་ཆོའི་ཁྲོམ་འདུར་ཆེན་མོ་གཤེན༼གཤིན༽གྱི་བླ་འཁོར་ཆ་བདུན་བགྲང་བ་བཞུགས་སོ།  ༽ཞེས་པའི་ལེའུ་ཚན་ལ་གཟིགས་ཤིག།   ཞང་ཞུང་ཁྱུང་ལུང་དངུལ་མཁར་བ་ཚུལ་ཁྲིམས་ཕུན་ཚོགས་ཀྱིས་དགོས་དབང་ཞིག་གིས་མུ་ཆོའི་ཁྲོམ་འདུར་གྱི་དགོངས་དོན་བཞིན་ཤར་མར་སྤེལ་བའོ།།   ༢༠༡༦/༩/༤ཉིན།