མདུན་ཤོག

བོན་གྱི་བྱ་འགུལ། - མཁའ་ཡགས་བསྟན་འཛིན་ངག་དབང་རྣམ་རྒྱལ་རིན་པོ་ཆེའི་རྗེས་དྲན་འཚོགས་པ།

མཁའ་ཡགས་བསྟན་འཛིན་ངག་དབང་རྣམ་རྒྱལ་རིན་པོ་ཆེའི་རྗེས་དྲན་འཚོགས་པ།

 


2016-9-26 22:10:01 རྩོམ་པ་པོ། མཁའ་ཡགས་བསྟན་འཛིན་རྣམ་རྒྱལ། བྱུང་ཁུངས། གངས་ལྗོངས་བོན། ཀློག་གྲངས།

13.jpg

   སྤྱི་ལོ་༢༠༡༦་ཟླ་༩་ཚེས་༢༤ཉིན་ཏེ་༧དགའ་མལ་དགོན་པ་ཚང་གིས་༧་རྣམ་འདྲེན་དཔོན་གསས་བླ་མ་མཁའ་ཡགས་མཁས་གྲུབ་བསྟན་འཛིན་ངག་དབང་རྣམ་རྒྱལ་རིན་པོ་ཆེ་མཆོག་སྤྱི་ལོ་༼༡༨༥༡༽དང་བོད་རབ་བྱུང་བཅུ་བཞི་བའི་ལྕགས་ཕག་ལོར་སྐུ་མིའི་སྐྱེ་བར་བཞེས་ནས་ད་ལོ་༼༢༠༡༦༽ལོའི་བར་བགྲང་བྱ་༼༡༦༥༽འཁོར་བའི་རྗེས་དྲན་མཛད་སྒོ་སྤེལ་བ་རེད། མཛད་སྒོ་ཁ་ལ་ཞོགས་ཀ་ཆུ་ཚོད་༼༦་༣༠་༽སྟེང་བླ་གྲྭ་ཡོངས་སུ་རྫོགས་པ་འཚོགས་ནས་མཉམ་མེད་བླ་མའི་ནང་སྒྲུབ་ཀྱི་ཚོགས་མཆོད་རྒྱས་པར་འབུལ།

12.jpg
 C3605838910329FA93E76D8EE8035878.jpg

   དུས་ཚོད་༼༡༠༽པའི་སྟེང་དགའ་མལ་དགོན་ཆེན་གྱི་མཁན་ཆེན་ཤེས་རབ་གཡུང་དྲུང་དབང་རྒྱལ་རིན་པོ་ཆེ་དང་དཔོན་སློབ་སྨན་རིའི་དགེ་བཤེས་ཤེས་རབ་མཐར་ཕྱིན་དང་དགའ་མལ་དགོན་པའི་དབུས་བླ་ཚབ་ཚ་བསྟན་པ་གོང་འཕེལ་སོགས་ནས་ཞུགས་མར་སྒྲོན་གསལ་སྤར་ཏེ་རྟེན་འབྲེལ་མཛད་སྒོའི་འཚོགས་འདུའི་དབུ་ཚུགས་པ་རེད།

08.jpg
དེ་ནས་མདོ་འཛིན་པ་ཚེ་དབང་ཕུན་ཚོགས་ཀྱིས་སྐུ་མགྲོན་ཡོངས་ལ་མཚམས་འདྲི་དང་བཅས་ཐེངས་འདིའི་མཛད་སྒོའི་འགྲོ་རིམ་གསལ་བཤད་ཞུས། 
06.jpg
གཙོ་སྒྲིག་པ་བསྟན་འཛིན་རྣམ་རྒྱལ་ནས་༼རྗེས་དྲན་དཀོན་བཞི་མཆོད་བསྟོད་༽སྐོར་གྱི་རྒྱུ་རིམ་དབུ་གཞུག་ཚང་མ་གསལ་བཤད་གནང་།
11.jpg
14.jpg

   དུས་ཚོད་༼༡༠་༢༠༽སྟེང་གྲྭ་མང་ནས་སྟོན་པའི་ཐུགས་རྗེ་ཆེ་བར་ཤོག་ཅེས་གྱེར་འདོན་དང་འབྲེལ་དགོན་ཆེན་གྱི་མཁན་ཆེན་ཤེས་རབ་གཡུང་དྲུང་དབང་རྒྱལ་རིན་པོ་ཆེ་དང་དཔོན་སློབ་སྨན་རིའི་དགེ་བཤེས་ཤེས་རབ་མཐར་ཕྱིན་དང་དགའ་མལ་དགོན་པའི་དབུས་བླ་ཚབ་ཚ་བསྟན་པ་གོང་འཕེལ་རྣམས་ནས་ད་ཐེངས་རྗེས་དྲན་མཛད་སྒོ་ལ་ཆེད་དུ་བཏེགས་པའི་ཤིས་ཚིག་ཕྱོགས་བསྒྲིགས་༼རྗེས་དྲན་དཀོན་བཞི་མཆོད་བསྟོད་༽ཀྱི་ཞལ་འབྱེད་གནང་བ།

09.jpg

   དུས་ཚོད་༼༡༠་༣༠༽སྟེང་དགའ་མལ་དགོན་པའི་དབུ་བླ་༧ཁྱུང་ཚ་བསྟན་པ་གོང་འཕེལ་ནས་སྐུ་མགྲོན་ཡོངས་ལ་མཚམས་འདྲི་དང་བཅས་རྣམ་འདྲེན་དཔོན་གསས་བླ་མ་དེ་ཉིད་ཟིང་ཆུ་ཡུལ་ལུང་དེའི་སྐྱ་སེར་མི་དམངས་ཐམས་ཅད་ཀྱི་གཙུག་ཏུ་བཀུར་ཞིང་རྩ་བའི་བླ་མ་ཁྱད་པར་ཅན་ཞིག་ཡིན་ལུགས་དང་། གང་གི་སྐུ་སྐྱེ་ཕྱི་མ་རྒྱལ་བ་སྨན་རིའི་ཁྲི་འཛིན་༣༣་པ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་ཡིན་པ་ཡོངས་འཛིན་ཐེ་བོ་ཉི་མ་རྒྱལ་མཚན་དང་ཧོར་བ་དྲུང་རམས་པ་སོགས་སྐྱེས་ཆེན་དམ་པ་མང་པོས་ངོས་འཛིན་གནང་ཚུལ་བཅས་གསུང་བཤད་ཟབ་རྒྱས་གནང་།

01.jpg

   དགའ་མལ་དགོན་ཆེན་གྱི་༧མཁན་ཆེན་ཤེས་རབ་གཡུང་དྲུང་དབང་རྒྱལ་ལགས་ནས་དཔོན་གསས་བླ་མ་དེ་ཉིད་ཆེས་རྩ་ཆེན་ཡིན་ཚུལ་དང་། གང་གིས་མ་བགོས་སྤྱི་ལ་བཞག་པའི་ནོར་བུ་བརྩོམས་གནང་དག་རིམ་པར་བཞིན་དུ་པར་བསྐྲུན་ཞུས་ཏེ་འགྲེམས་སྤེལ་བྱ་བགྱི་རེ་ཞུ་དང་། མ་ཚད་ཕྱོགས་གང་ཐད་ནས་ཡར་རྒྱས་མཐོ་ནས་མཐོ་རུ་འདེགས་ཏེ་བསྟན་པ་ལ་ཞབས་ཕྱི་འབུལ་རྒྱུ་བཅས་གསུང་བཤད་གལ་ཆེན་གནང་།

17.jpg

   དགའ་མལ་དགོན་ཆེན་གྱི་༧དཔོན་སློབ་སྨན་རིའི་དགེ་བཤེས་ཤེས་རབ་མཐར་ཕྱིན་ལགས་ནས་དཔོན་གསས་བླ་མ་རྗེས་དྲན་དུ་གང་གི་མཛད་རྣམ་དེ་ཤེས་ན་རྗེས་དྲན་ངོ་བོ་མཚོན་ཚུལ་ཞེས། བླ་མ་དམ་པས་སྐུ་ཚེ་ཧྲིལ་བོར་གཞན་དོན་དུ་འཆད་རྩོད་རྩོམ་གསུམ་དང་། རང་དོན་དུ་ཐོས་བསམ་སྒོམ་སྒྲུབ་ཀྱི་བསྟན་འགྲོ་ཁོ་ནར་བསྐྱངས་ཚུལ་སོགས་རྣམ་ཐར་ཟབ་བཤད་དང་། མདོ་ན་བླ་མ་འདི་བ་ཚང་སྟོད་སྨད་བར་གསུམ་གང་ལ་ཡང་འགྲོ་དོན་གྱི་འཕྲིན་ལས་ཤིན་ཏུ་རྒྱས་མཛད་ཡོད་པའི་སྐོར་ལ་གསུང་བཤད་ཡང་དག་པར་གནང་།

04.jpg

   བྲག་དགོན་བླ་མ་བསྟན་འཛིན་ཚུལ་རྒྱལ་ནས་འདི་གའི་རྩོམ་སྒྲིག་པ་ལ་རྒྱབ་སྐྱོར་དང་མ་ཚད་རང་མི་རིགས་ཀྱི་ཤེས་རིག་དེ་དུས་རབས་ཀྱི་འགྲོས་དང་བསྟུན་ནས་ཡར་རྒྱས་བཏང་རྒྱུ་བཅས་གསུང་བཤད་གནང་།

05.jpg

   དེ་ནས་ནང་དགོན་ཁག་ལྔ་དང་ཕྱིའི་དགོན་ལག་ཁག་བླ་སྤྲུལ་རྣམས་ནས་རྗེས་དྲན་མཛད་སྒོ་དང་འབྲེལ་བའི་གསུང་བཤད་གལ་ཆེན་རེར་གནང་།

11.jpg
19.jpg
16.jpg

   གོང་རིམ་བཅས་ཀྱི་རྩོམ་སྒྲིག་པ་རྣམས་ལ་རྟེན་འབྲེལ་མཚོན་དོད་གནང་བ།

02.jpg
15.jpg

   མཁའ་ཡགས་བླ་བྲང་ལྷུན་གྲུབ་བདེ་གསལ་ཁང་ནས་༼རྗེས་དྲན་དཀོན་བཞི་མཆོད་བསྟོད་༽འདི་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་མཁན་རིགས་ལ་བཀའ་དྲིན་ཞུ་རྟེན་འབུལ་བ།

07.jpg

   མཐར་ཀྲུའུ་རེན་དགེ་བཤེས་ཁ་གྲགས་བཙུན་དབང་ནས་ཐེངས་འདིའི་རྗེས་དྲན་མཛད་སྒོ་དེ་རྒྱལ་ཁ་དང་གཟི་བརྗིད་ངང་ནས་མཇུག་བསྡུས་པ་རེད།

03.jpg
10.jpg
  བླ་གྲྭ་དང་དད་ལྡན་མི་སྐྱ་ཕོ་མོ་རྣམས་ནས་དཔོན་གསས་བླ་མའི་སྐུ་གདུང་མཇལ་ཁ་ཞུ་བ།

18.jpg
   བླ་གྲྭ་ཡོངས་སུ་རྫོགས་པའི་དྲན་རྟེན་བརྙན་པར་སྒྲོན་པ།