མདུན་ཤོག

མཉམ་འབྲེལ་ལྷན་ཚོགས། - བོན་གྱི་ཐ་སྙད་རྒྱ་ཡིག་ཐོག་ཕབ་བསྒྱུར་གཏན་འབེབས་གྲོས་ཚོགས་ཐེངས་བདུན་པ་འཚོགས་པ།

བོན་གྱི་ཐ་སྙད་རྒྱ་ཡིག་ཐོག་ཕབ་བསྒྱུར་གཏན་འབེབས་གྲོས་ཚོགས་ཐེངས་བདུན་པ་འཚོགས་པ།

 


2016-12-30 21:59:27 རྩོམ་པ་པོ། རྒྱ་ཡིག་ཕབ་བསྒྱུར་ཚོགས་པ། བྱུང་ཁུངས། གངས་ལྗོངས་བོན། ཀློག་གྲངས།

བོན་གྱི་ཐ་སྙད་རྒྱ་ཡིག་ཐོག་ཕབ་བསྒྱུར་གཏན་འབེབས་གྲོས་ཚོགས་ཐེངས་བདུན་པ་སི་ཁྲོན་ཁྲིན་ཏུའུ་གྲོང་ཁྱེར་དུ་འཚོགས་པ།
0.jpg

   སྤྱི་ལོ༢༠༡༦ལོའི་ཟླ༡༢པོའི་ཚེས༢༤ནས་ཚེས༢༨ཉིན་སྟེ་ཉིན་ལྔའི་རིང་ལ། སི་ཁྲོན་ཁྲིན་ཏུའུའི་གྲོང་ཁྱེར་དུ་«བོན་གྱི་ཐ་སྙད་རྒྱ་ཡིག་ཐོག་ཕབ་བསྒྱུར་གཏན་འབེབས་གྲོས་ཚོགས»ཐེངས་བདུན་པ་དངོས་སུ་འཚོགས། མང་པོ་ཞིག་གིས་མཁྱེན་གསལ་ལྟར་ད་ལྟའི་དུས་རབས་འདི་དང་། ཡང་ན་དེང་སང་གི་སྤྱི་ཚོགས་འདི་ལ་རྒྱལ་བསྟན་རིན་པོ་ཆེ་བརྗོད་བྱ་གཙོ་བོ་ཡིན་པའི་ཞང་བོད་ཀྱི་རིག་གནས་གང་ཞིག་འཛམ་བུ་གླིང་དུ་ཁྱབ་བསྒྲགས་སམ་འགྲེལ་སྤེལ་བྱ་དགོས་ན། མི་རིགས་གཞན་པའི་སྐད་ཡིག་བེད་སྦྱད་དེ་འགྲེལ་སྤེལ་བྱས་ན་ནི། སྟབས་བདེ་ཞིང་ཁྱབ་རྒྱ་ཡང་ཤིན་ཏུ་ཆེན་པོ་ཡིན་པར་བཤད་མ་དགོས་ལ། དེ་ལས་ཀྱང་རྒྱ་ཡིག་དང་དབྱིན་ཡིག་ལྟ་བུའི་ལམ་ནས་རང་བསྟན་འདི་མི་རིགས་དེ་དག་ལ་ངོ་སྤྲོད་ཅིག་བྱ་ཐུབ་ན་དགེ་མཚན་ཆེ་ལ་གནས་ལུགས་དང་མཐུན་པ་ཞིག་ཡིན་པའི་མ་ཚད། སྐད་རིགས་དེ་དག་གི་ལམ་ནས་འགྲེལ་སྤེལ་ཁྱབ་བསྒྲགས་ཞུས་ན་ནི་ངེས་པར་དུ་མ་མཐའི་ཆ་རྐྱེན་ཆེ་ཤོས་ཏེ།

01.jpg

   དང་པོ་རང་གཞུང་དང་རང་གི་རིག་གནས་གང་ཡིན་ཡང་དེའི་ཐ་སྙད་མི་རིགས་སུ་དང་གང་གི་སྐད་ཡིག་ཐོག་ཏུ་བཀོད་ཚེ་གཅིག་གྱུར་གྱི་ཐ་སྙད་ཅིག་ཡོད་དགོས་པ་དང་། གལ་ཏེ་བོན་གྱི་ཐ་སྙད་གང་ཞིག་གཅིག་གྱུར་གྱི་ལམ་ནས་བྲི་ཚུལ་གྱི་ལམ་ཁ་བརྟན་འཇགས་ཤིག་བཟོ་མ་ཐུབ་པར། རང་རང་སོ་སོའི་ལག་ལ་གང་ཡོང་དང་། སེམས་ལ་གང་དྲན་ལྟ་བུའི་ལམ་ནས་བོན་གྱི་ཐ་སྙད་མང་པོ་མི་རིགས་གཞན་གྱི་སྐད་ཡིག་ཐོག་ཏུ་ཕབ་བསྒྱུར་གནང་ན་ནི་ཕན་པ་ལས་གནོད་པ་ཆེ་བ་དང་། དགེ་མཚན་ལས་ཞན་ཆ་ཆེ་བ་སོགས་ཀྱི་རྒྱུ་རྐྱེན་མང་པོ་ཞིག་གིས་སྣེ་ཁྲིད་དེ།

02.jpg

    འདི་འདྲའི་སྒྲིག་འཛུགས་ཞིག་གསར་དུ་བཙུགས་ཤིང་། འདི་འདྲའི་གྲོས་ཚོགས་ཤིག་མཉམ་དུ་བསྡུས་ཏེ་ད་ཕན་བོན་གྱི་ཐ་སྙད་དང་འདོན་ཆོག་སྐོར་མང་ཙམ་ཞིག་རྒྱའི་སྐད་ཡིག་ཐོག་ཏུ་ཕབ་བསྒྱུར་བྱས་དང་བྱེད་ཀྱིན་ཡོད་པའི་གྲུབ་འབྲས་ནི་བཤད་མ་དགོས་པར་ཟུར་བལྟས་ལེབ་མཐོང་ཞིག་དང་། བསྟན་མི་དགོས་པར་མཐོང་དུ་ཡོད་པ་ཞིག་ཀྱང་ཡིན་ཙ་ན། བོན་ལ་ཤ་ཞེན་ཆེ་ཞིང་གཤེན་ལ་བརྩི་བཀུར་མཐོ་བའི་བོན་གྱི་ཤེས་ལྡན་མི་སྣ་མང་པོས་ལོ་ལྟར་འདི་འདྲའི་ཚོགས་པ་འདིའི་རྒྱུན་མུ་ནས་མུ་མཐུད་དུ་བསྐྱངས་དང་སྐྱོང་བཞིན་ཡོད།

03.jpg

   ཡིག་བསྒྱུར་ཚོགས་པ་འདི་ད་ཕན་ཐེངས་བདུན་པ་ལ་འཚོགས་ཤིང་། ཐེངས་གཉིས་པ་ནས་བཟུང་«གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས»ཀྱིས་སྤྱིའི་བཀོད་སྒྲིག་འོག་ལོ་ལྟར་འདི་བཞིན་འཚོགས་རྒྱུར་གཏན་ཁེལ་བྱས་ཏེ་འཚོགས་དང་ཚོགས་བཞིན་ཡོད། ད་ལོ་ཡང་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཞོན་རྩེ་དྲུག་བསྟན་འཛིན་འོད་ཟེར་དང་། བྱ་འཕུར་གཡུང་དྲུང་ཉི་མ་རྒྱལ་མཚན་ལགས་རྣམ་པ་གཉིས་ཀྱིས་དབུ་ཁྲིད་འོག

04.jpg

   ཐེངས་འདིར་ཚོགས་ཞུགས་གནང་མཁན་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱུན་ལས་ཚོགས་གཙོ་གཞོན་པ་མཁན་རིག་འཛིན་དབང་རྒྱལ་དང་། བློ་འདྲི་རྟོགས་ལྡན་བསྐལ་ཁོ། ཚོགས་གཞོན་མཁན་ཤེས་རབ་གཡུང་དྲུང་དབང་རྒྱལ། ཚོགས་གཞོན་སེང་གེ་སྤྲུལ་སྐུ་རིག་འཛིན་ཉི་མ། ཚོགས་གཞོན་རག་ཤི་ཀུན་གསལ་སྙིང་པོ། ཚོགས་གཞོན་ཉག་སྤྲུལ་བསོད་ནམས་རྒྱ་མཚོ།  ཚོགས་གཞོན་པཎ་ཙ་སྤྲུལ་སྐུ་བསྟན་འཛིན་དར་རྒྱས། དྲུང་ཆེ་འགོ་བ་དགེ་བཤེས་བསྟན་འཛིན་འབྲུག་གྲགས། དྲུང་ཡིག་ཆེན་མོ་གཞོན་པ་རིན་སྤུངས་ཚུལ་བསྟན། དྲུང་ཡིག་པ་མཁན་པོ་ཚེ་རིང་ནོར་བུ། དྲུང་ཡིག་པ་སྙན་བཟང་བསོད་ནམས་གཡུང་དྲུང་། སྤྲུལ་སྐུ་འཆི་མེད་གཡུང་དྲུང་། མཁན་པོ་ལུང་རྟོགས་བསྟན་འཛིན་དཔལ་ལྡན། སྤྲུལ་སྐུ་དབང་རྒྱལ་ཚེ་རིང་། བྱ་འཕུར་གཡུང་དྲུང་ཉི་མ་རྒྱལ་མཚན། བླ་མ་རྣམ་སྲས། སྤྲུལ་སྐུ་བསྟན་འཛིན་རྣམ་རྒྱལ། མཁར་ནག་སྐལ་བཟང་རྒྱ་མཚོ། དགེས་བཤེས་འཇམ་མེ། དགེས་བཤེས་བློ་གྲོས་རབ་གསལ། དགེ་བཤེས་གཡུང་དྲུང་བསམ་གཏན། དགེ་བཤེས་བསོད་ཁོ། དགེ་བཤེས་ཁ་གྲགས། སྤྲུལ་སྐུ་ཀུན་དགའ། དགེ་བཤེས་བསྟན་པ། ཨ་ཡག་བླ་མ་ཤེས་རབ་ཉི་མ། དགེ་བཤེས་གཡུང་དྲུང་བློ་གསལ། ཁྲོ་སྤྲུལ་འཕྲིན་ལས་འགྲོ་མགོན། དགེ་བཤེས་གཡུང་དྲུང་སྨོན་ལམ། སྣང་མཐའ་བསྟན་འཛིན་ཉི་མ། མཁན་པོ་ཀུན་བཟང་རྣམ་རྒྱལ། བཀྲ་ཤིས། ཚེ་བརྟེན་འགྱུར་མེད། བློ་གྲོས་རབ་གསལ། བོན་ཉིད་དོན་རྟོགས། རིག་འཛིན་ཆོས་དབྱངས། ཨ་སྔགས་གཙུག་ཕུད་རྣམ་རྒྱལ། ཕུན་ཚོགས་རྣམ་རྒྱལ། དཔལ་འབྱོར་ཉི་མ། གཙུག་གཤེན་དོན་འགྲུབ། གཡུང་དྲུང་ཚུལ་ཁྲིམས། བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་ཞིབ་འཇུག་པ་དོན་གྲུབ་ལྷ་རྒྱལ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་དབུ་ཁྲིད་ཨ་སྔགས་ཚེ་རིང་བཀྲ་ཤིས། ལྷོ་ནུབ་མི་རིགས་སློབ་ཆེན་གྱི་རྒན་ཚེ་རིང་འགྱུར་མེད། དགེ་རྒན་ཤར་བ་ཐོགས་མེད། དགེ་རྒན་ཚེ་བརྟན་སྐྱབས། ལོས་ཧེ་ཀང་། ཨོ་རྒྱན་ཐར། དགེ་རྒན་ཚེ་བརྟན། རྣམ་རྒྱལ་ཚེ་རིང་། སྐལ་བཟང་བཀྲ་ཤིས། ཤར་བ་ཀུན་ཐར་མཚོ། བཀྲ་ཤིས་མཚོ། དབྱངས་ཅན་སོགས་བོད་མདོ་དབུས་ཁམས་གསུམ་ནས་ཕེབས་པའི་བོན་གྱི་བླ་སྤྲུལ་དགེ་བཤེས་གྲྭ་བཙུན་མང་པོ་དང་།

05.jpg

   སྤྱི་ཚོགས་ལས་རིགས་ཁག་གི་ཡིག་བསྒྱུར་ཆེད་མཁས་པའི་དགེ་རྒན་དང་སློབ་མ་མང་པོ་དུས་གཅིག་ཏུ་འཚོགས་ཏེ་དུས་ཡུན་ཉིན་ལྔའི་རིང་ལ་༼ཐེག་ཆེན་སངས་རྒྱས་གཡུང་དྲུང་བོན་༽ཞེས་པའི་གཡུང་དྲུང་བོན་གྱི་ངོ་སྤྲོད་སྐོར་ཞིག་རྒྱ་ཡིག་ཐོག་ཏུ་ཕབ་བསྒྱུར་གཏན་འབེབས་བྱས་ཏེ་རྩོད་མེད་ཡོངས་གྲགས་ཀྱི་ཕྱོགས་ཡོངས་ནས་ཕབ་བསྒྱུར་གནང་ཡོད།

06.jpg

   དེ་ལྟར་ཉིན་ལྔའི་རིང་ལ་ཡང་སྔ་དྲོ་དང་ཕྱི་དྲོ་གཉིས་སུ་ཕྱེས་ཏེ་མི་སྣ་གཉིས་རེ་བཀོད་སྒྲིག་གནང་ནས་མདོ་འཛིན་གནང་བ་སྟེ། ཚེས་༢༤ཉིན་གྱི་སྔ་དྲོ་ལ་འགོ་བ་དགེ་བཤེས་བསྟན་འཛིན་འབྲུག་གྲགས་དང་སྤྲུལ་སྐུ་དབང་རྒྱལ་ཚེ་རིང་རྣམ་གཉིས་ཀྱིས་མདོ་འཛིན་གནང་།   ཕྱི་དྲོ་ལ་དགེ་བཤེས་གཡུང་དྲུང་བསམ་གཏན་དང་སྤྲུལ་སྐུ་འཆི་མེད་གཡུང་དྲུང་།

07.jpg

   ཚེས་༢༥ཉིན་གྱི་སྔ་དྲོ་ལ་ཚོགས་གཞོན་པཎ་ཙ་སྤྲུལ་སྐུ་བསྟན་འཛིན་དར་རྒྱས་དང་དྲུང་གཞོན་རིན་སྤུངས་ཚུལ་བསྟན། ཕྱི་དྲོ་ལ་བླ་མ་རྣམ་སྲས་དང་མཁན་པོ་ཚེ་རིང་ནོར་བུ།

08.jpg

   ཚེས་༢༦ཉིན་ལ་སྔ་དྲོ་ཉག་སྤྲུལ་བསོད་ནམས་རྒྱ་མཚོ་དང་འཇམ་མེ། ཕྱི་དྲོ་ལ་རྟོགས་ལྡན་བསྐལ་ཁོ་དང་དགེས་བཤེས་ཁ་དྲག་བཙན་དབང་།

10.jpg

   ཚེས་༢༧ཉིན་གྱི་སྔ་དྲོ་ལ་སེང་སྤྲུལ་རིག་འཛིན་ཉི་མ་དང་སྣང་མཐའ་བསྟན་འཛིན་ཉི་མ། ཕྱི་དྲོ་ལ་དགེ་བཤེས་བསོད་ཀོ་དང་བཀྲ་ཤིས།

11.jpg

   ༢༨ཉིན་གྱི་སྔ་དྲོ་ལ་རག་ཤི་ཀུན་གསལ་སྙིང་པོ་དང་ཀུན་བཟང་རྣམ་རྒྱལ། ཕྱི་དྲོ་ལ་མཁར་ནག་སྐལ་བཟང་རྒྱ་མཚོ་དང་གཡུང་དྲུང་བློ་གསལ་བཅས་ཀྱིས་མདོ་འཛིན་གནང་བ་དང་།

19.jpg

    འདི་འདྲའི་དུས་རབས་ཀྱི་དགོས་མཁོ་དང་བསྟུན་ཏེ་བསྟན་པའི་ལས་དོན་ལ་ཞབས་ཕྱི་རབས་དང་རིམ་གྱིས་བསྒྲུབས་དང་སྒྲུབ་བཞིན་ཡོད་པའི་ཡིག་བསྒྱུར་ཆེད་མཁས་ཀྱི་སྐྱ་སེར་མི་སྣ་རྣམ་པ་དང་། དཔལ་འབྱོར་རམ་འདེགས་ཀྱི་མཐུན་རྐྱེན་གནང་བའི་བླ་སྤྲུལ་དགེ་བཤེས་དང་སྐྱ་སེར་ཕོ་མོ་རྣམ་པ།

18.jpg

   མདོར་ན་ཞྭ་དཀར་བསྟན་པའི་ལས་དོན་ལ་ནམ་ཡང་ཐུགས་སེམས་གཙང་དག་ཡིན་པའི་འདིར་ཕེབས་གཡུང་དྲུང་སྤུན་གྲོགས་རྣམ་པ་དང་།

20.jpg

   དེ་ནས་ཚེས་༢༨ཉིན་གྱི་ཉིན་གུང་རྗེས་སུ་སྤྱིར་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་དང་འབྲེལ་བའི་སྐོར་ལ་བགྲོ་གླེང་གནང་བ་དང་།

09.jpg

   དེ་ནས་ཐེངས་རྗེས་མའི་འགན་འཛིན་པ་བསྐོ་བཞག་གནང་བ་སྟེ། བོད་ལྗོངས་ཆབ་མདོ་སྟེང་ཆེན་རྫོང་སྟེང་ཆེན་དགོན་པའི་དབུ་བླ་མཁན་འོད་ཟེར་སྦྱིན་པ་ཕུན་ཚོགས་སམ་བླ་མ་རྒྱ་མཚོ་རིན་པོ་ཆེ་དང་ཁམས་བྲག་མགོ་རྒྱལ་རོང་དགོན་པའི་མཆོག་སྤྲུལ་འཆི་མེད་གཡུང་དྲུང་རིན་པོ་ཆེ་རྣམ་གཉིས་བསྐོར་བཞག་གནང་སྟེ། ཐེངས་འདིའི་འགན་འཛིན་པ་རྣམ་གཉིས་དང་ཐེངས་རྗེས་མའི་འགན་འཛིན་རྣམ་གཉིས་ཕན་ཚུན་ལས་གཞི་བརྒྱུད་སྤེལ་སོགས་གནང་བའི་མཛད་སྒོ་སྤེལ།

16.jpg
དེ་ནས་ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་གི་ལས་གཞི་ཆེན་མོ་གནའ་བོའི་ཞང་ཞུང་གི་བཀའ་འགྱུར་ཆེན་མོའི་དཔེ་བསྡུར་དང་བསྒྱུར་ཡིག་སྐོར་ལ་བགྲོ་གླེང་གནང་། 
13.jpg

ལས་གཞིའི་དེའི་འགན་འཛིན་པ་རྩེ་དྲུག་བསྟན་འཛིན་འོད་ཟེར་རིན་པོ་ཆེའི་དངོས་སློབ་རྒྱ་རིགས་དད་ལྡན་ཤེས་ཡོན་པ་ལོས་ཧེ་ཀང་གིས་གནའ་བོའི་ཞང་ཞུང་གི་བཀའ་འགྱུར་རྒྱ་བསྒྱུར་ལས་གཞིའི་སྐོར་ལོ་ངོ་གསུམ་གྱི་རིང་ལ་ཕྱག་ལས་གནང་བའི་སྐོར་མཚམས་སྦྱོར་གནང་བ་དང་།

14.jpg

   དེ་ནས་རྩེ་དྲུག་གྲྭ་ཚང་མཁན་པོ། གནའ་བོའི་ཞང་ཞུང་གི་བཀའ་འགྱུར་དཔེ་བསྡུར་གྱི་འགན་འཛིན་པ་མཁན་ལུང་རྟོགས་བསྟན་འཛིན་ལགས་ཀྱིས་དཔེ་བསྡུར་དང་འབྲེལ་བའི་སྐོར་ངོ་སྤྲོད་གནང་བ།

15.jpg

   གནའ་བོའི་ཞང་ཞུང་གི་བཀའ་འགྱུར་ཆེན་མོ་རྒྱ་བསྒྱུར་གྱི་ལོ་ཙཱ་བ་མཁར་ནག་སྤྲུལ་སྐུ་སྐལ་བཟང་རྒྱ་མཚོ་ལགས་ཀྱིས་རྒྱ་བསྒྱུར་གྱི་སྐབས་སུ་བོན་གྱི་ཐུན་མིན་ཐ་སྙད་རྒྱ་བསྒྱུར་སོགས་ཀྱི་སྐོར་ལ་མཚམས་སྦྱོར་གནང་།

17.jpg

   དེ་ནས་གནའ་བོའི་ཞང་ཞུང་གི་བཀའ་འགྱུར་ཆེན་མོ་རྒྱ་བསྒྱུར་སོགས་ཀྱི་ལས་གཞིའི་དྲུང་ཡིག་ཆེན་མོ་ཡེ་ཤེས་ལགས་ཀྱིས་ལས་གཞི་དང་འབྲེལ་བའི་སྐོར་ལ་ངོ་སྤྲོད་གནང་བ་དང་། དེ་ནས་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱུན་ལས་ཚོགས་གཙོ་གཞོན་པ་ཤར་རྫའི་མཁན་པོ་རིག་འཛིན་དབང་རྒྱལ་རིན་པོ་ཆེ་དང་མཁས་དབང་དོན་གྲུབ་ལྷ་རྒྱལ། མཁས་དབང་ཚེ་རིང་འགྱུར་མེད། དྲུང་ཡིག་ཆེན་མོ་འགོ་བ་དགེ་བཤེས་བསྟན་འཛིན་འབྲུག་གྲགས་སོགས་ཚོགས་བཞུགས་པ་ཁག་གཅིག་གིས་ལས་གཞི་དེ་དང་འབྲེལ་བའི་སྐོར་ལ་བསམ་འཆར་དང་བགྲོ་གླེང་སོགས་གནང་།

 12.jpg

 མཐར་ཉིན་དེའི་ཕྱི་དྲོ་ཆུ་ཚོད་དྲུག་པའི་སྟེང་ཐེངས་འདིའི་ལས་དོན་ཡོངས་ལེགས་གྲུབ་བྱུང་སྟེ་གྲོས་ཆོད་བཞག་ནས་ཚོགས་བཞུགས་པ་ཡོངས་ཀྱིས་གཡུང་དྲུང་བསྟན་པ་རྒྱས་པའི་སྨོན་ལམ་གསུངས་ཏེ་ཐེངས་འདིའི་ཚོགས་འདུ་མཇུག་བསྡུས་པ་གནང་། དེ་ལྟར་ས་ཕྱོགས་གང་ན་བཞུགས་ཀྱང་རང་བསྟན་གྲུབ་མཐའི་ལ་རྒྱ་ཐུགས་ཀྱི་ཟབ་ས་རུ་ཉར་བའི་གྲོགས་པོ་རྣམས་ཀྱི་ཐུགས་བཞེད་ཡིད་སྨོན་དུ་འགྲུབ་ཅིང་སྐུ་འཚོ་ཡུན་དུ་བརྟན་ཏེ། རྒྱ་བོད་སྐད་ཡིག་མཁྱེན་ལྡན་ཚང་མས་འདི་ནས་གྲོས་གཞི་གཏན་ཕབ་བྱས་ཟིན་ལྟར། རྗེས་སུ་དེ་བཞིན་དུ་ལག་ལེན་ལ་འདེབས་ཐུབ་པར་སྙིང་ནས་འབོད་བསྐུལ་ཞུ་བ་བཅས་ཐེངས་འདིའི་ཡིག་བསྒྱུར་ཚོགས་འདུའི་གནས་ཚུལ་མཚོན་ཙམ་སྦྱར་བ་དགེའོ།།