回到首页

本教文献 - 曼日法王唁函悼词集(不断更新……)

曼日法王唁函悼词集(不断更新……)

 


时间:2017-9-16 10:58:47 作者:西藏本教 访问量:


༧ ཞྭ་དཀར་བསྟན་པའི་གདན་ས་ཆེན་པོ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་འདུས་སྤྱི་དང་དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་མདུན་སར།

ཆེད་ཞུ། ད་ལམ་འོ་སྐོལ་བོན་འབངས་ཡོངས་ཀྱི་དབུ་ཁྲིད་བླ་ན་མ་མཆིས་པ་སྟེ། ཞང་བོད་ཤེས་རིག་གི་མེ་དཔུང་འཛམ་གླིང་མཐའ་དབུས་ཀུན་ཏུ་རླབས་ཀྱིས་སྤར་བའི་ངེས་དོན་བསྟན་པའི་བདག་ཉིད། ཞྭ་དཀར་བསྟན་པའི་གཙུག་རྒྱན་ ༧ སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་ཆེན་པོ་མཆོག་ ༢༠༡༧ ལོའི་ཟླ་ ༩ ཚེས་ ༡༤ ཉིན་གདན་ས་ཆེན་མོ་ ༧ དཔལ་གཤེན་བསྟན་སྨན་རིའི་གླིང་གི་བླ་བྲང་དུ་ཐུགས་དམ་གཡོ་མེད་ངང་དགོངས་པ་བོན་དབྱིངས་སུ་ཐིམ་པའི་ཡིད་སྐྱོ་བའི་གནས་ཚུལ་ཐོས་ཕྲལ། གནམ་འོག་གི་འགྲོ་བ་ཀུན་དང་། སྒོས་སུ་འདི་གའི་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་གཙོས་རང་ཅག་བོན་འབངས་ཡོངས་ལ་བཟོད་ཐབས་བྲལ་བའི་གྱོང་གུན་ཚབ་ཆེན་དང་ཡིད་སྐྱོ་བའི་གནས་སུ་གྱུར། འདིར་ ༧ རྒྱལ་བ་གཤེན་སྲས་རིན་པོ་ཆེ་ཡིས་དབུ་ཁྲིད་ལམ་སྟོན་འོག་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱིས་གདུང་ཤུགས་མཉམ་བསྐྱེད་ཀྱི་སྒོ་ནས་བོད་ཡུལ་སྟོད་སྨད་བར་གསུམ་ཀུན་ཏུ་ཡོད་པའི་བོན་འབངས་ཡོངས་ལ་དགེ་སྒྲུབ་སྡིག་སྤོང་བྱེད་པའི་འབོད་བསྐུལ་ཞུ་རྒྱུ་ཡིན་པ་མ་ཟད་རིན་པོ་ཆེའི་དགོངས་རྫོགས་མཆོད་འབུལ་དང་། ཁྱད་པར་དུ་རྒྱལ་བ་སྨན་རིའི་མཁན་རབས་རིམ་བྱོན་གྱི་གདན་ས་གཙང་ ༧ བཀྲ་ཤིས་སྨན་རི་དང་རྗེ་མཉམ་མེད་བླ་མ་ཆེན་པོའི་གསེར་ཁྲིའི་མདུན་སར་ཀུན་བཟང་རྒྱལ་བ་དགྱེས་པའི་མཆོད་སྤྲིན་རྒྱས་འབུལ་ཞུ་སྟེ་དམ་པ་མཆོག་གི་ཐུགས་དགོངས་ཟབ་མོའི་བཞེད་དོན་ལྷུན་འགྲུབ་དང་། གང་གི་ཐུགས་རྗེའི་སྐྱབས་འོག་བོན་འབངས་ཀུན་ཀྱང་དམ་ཚིག་གོང་བུ་གཅིག་སྒྲིལ་གྱི་དར་དཀར་ཡུག་གཅིག་ས་སྟེང་ཀུན་ཏུ་བདལ་བའི་རེ་སྨོན་ཤུགས་དྲག་དང་བཅས།

གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ནས།

སྤྱི་ལོ་ ༢༠༡༧ ཟླ་ ༩ ཚེས་ ༡༥ ཉིན། 

——雍仲本教联合会会

 


告全体信众书:

有意降此浊世的本教皆众之宏缘师尊,白帽雍仲本教的大顶饰,胜者曼日巴第三
十三代住持,至尊法王隆夺旦贝尼玛如意宝示现归入不动密意法界之相。

本教所有信众企望的金太阳落于西山,为此我们悲痛欲绝、泪流满面,禁不住余悸惋惜的哀嚎着,这是个人人不愿听闻的噩耗!但在大圆满前行中讲:“三世诸佛示现涅槃相,三界有情如此皆虚幻,执着轮涅永恒者可怜。”如是所言,凡是救度浊世众生的大圣尊,对我等一般烦恼未尽的教化有情而言,绝对是件法王以无亲疏的大慈大悲心所定然观照,为能断除轮回者的常见而督促抑恶扬善的示范之举。

因此,我们任何人都要在此无法逆转的哀悼日子里,忆念至尊曼日法王把尽其所
有的毕生宏行,奉献给了我们信教众生。幸饶佛教兴衰存亡之际,曼日法王奋力树起了幸饶本教的大柱,高举雍仲本波佛教的明灯传遍东西方世界的伟大功绩等,远非我们如实所能提及也。但在追忆起法王如意宝于教于众整体和个别的恩泽惠及之次第中,我们一切众生之顶饰法王所教化的有情众生和每个人除障积德的特殊日子里,整体本教信众要断恶修善,念诵经咒,转经礼拜,供奉诸圣,禁赌忌盗…………。力所能及地勤奋于诸多善品是非常重要的。在上师圣子降生或圆寂之时,无论行善还是做恶,都会有成千上万倍的增亏,这是上师前辈言教之明示,我们本教信众请铭记于心。

尤其在今晚(九月十五),雍仲本教讲修佛学院的师僧们,以及郎依寺集体的全
体管理人员,在文殊辩经院向至尊曼日法王举行隆重的五种供云等。藏历二十七日起,郎依寺将集体为追悼曼日法王而进行盛大《雍仲广增经》的大法会,此晚僧俗大众齐聚在大经堂前,正式向曼日法王如意宝遗像敬献五圣云供,顶礼转经等仪轨。在法王上师七七四十九天的供修未满期间,恳请全体信教群众牢记精进于修善除障之事,非常的重要。

——郎依·持名者:嗄让罗周坚措于2017年9月中旬(藏历25日)早晨,格西索科译。


སེམས་ནང་གི་སངས་རྒྱས།   心中的佛陀

ཀ་དག་བོན་སྐུའི་དབྱིངས་ལས་ མ་གཡོས་ཀྱང་། 净法身空性中不动摇

ཁ་དོག་ལྷུན་གྲུབ་མཚན་དང་དཔེ་བྱད་ཀྱི།། 色彩圆满法名及如观

ག་ཤལ་བསླབ་གསུམ་ནོར་བུའི་ཏོག་མཛེས་པ།། 三藏三学珍宝之最佳

ང་ཡི་བླ་མ་གསེར་གྱི་ཁྱུང་ཆེན་དྲན། 我的上师大金鹏之念

ཅ་དག་ཕུལ་བྱུང་ཚུལ་ཁྲིམས་བསུང་ཞིམ་འཐུལ།། 净尽圆满外形显宗戒

ཆ་ལུགས་ལྔ་ལྡན་རིམ་གཉིས་དགོངས་པ་བརླིང་།། 形像五定二论视观高

ཇ་ཐུན་རེ་ཡང་རིག་སྟོང་རྗེན་འཆར་གྱི།། 禅坐实时证悟空性观

ཉ་ཟླའི་དཔལ་རྫོགས་སྨན་རའི་ཁྲི་འཛིན་དྲན།། 日月圆满曼日继者念

ཏ་ཐཱ་ག་ཏ་མི་ཡི་གཟུགས་སྤྲུལ་ཏེ།། 达塔嘎达化显人法体

ཐ་དད་སློབ་ཚོགས་རྒྱུ་སྐར་འབུམ་བདལ་ཞིང་།། 无量学集如数星般普

ད་དུང་རྣམ་བཞིའི་ཐུགས་རྗེ་འོད་རླབས་ཀྱིས།། 至今四法慈悲之光滋润

ན་རྒ་འཆི་གྲོལ་མཛད་པའི་རྣམ་ཐར་དྲན།། 有着生老病死之事迹忆

པ་སངས་མདངས་འཛིན་གངས་རིའི་ལྗོངས་ཆེན་པོའི།། 觉悟色彩普照高原之地

ཕ་མེས་རིག་གཞུང་སྲོག་གི་བླ་མཁར་རྩེར།། 祖辈精粹聚齐无上碉

བ་དན་མངོན་མཐོའི་རྒྱལ་མཚན་སྒྲེང་མཁས་ཞེས།། 悬经幡视闻法号智者

མ་ལུས་སྐྱེ་རྒུས་བསྔགས་པའི་དེད་དཔོན་དྲན། 僧众齐诵经忆念怙主

ཙ་ཀྲའི་དཔལ་ལྟར་འབར་བའི་རྣམ་དཔྱོད་ལ།། 犹如如意宝智慧般光明

ཚ་གྲང་ཁྱད་གསོད་སྲོག་གི་སྟོབས་བྱིན་ན།། 超越冷暖生命之定力

ཛ་ཡ་རྒྱལ་བའི་དགོངས་པ་བདེ་བླག་ཏུ། ། 传承佛陀思想之详和

ཝ་ལེར་བླངས་པའི་ཕུལ་བྱུང་མཛད་པ་དྲན།། 显现无上智慧者之念

ཞྭ་དཀར་གྱེར་བསྟན་དུས་ངན་སྒྲ་གཅན་གྱི།། 白帽之教临悲痛之时

ཟ་བྱེད་མཆེ་བས་གཞོམ་ལ་ཉེར་ཕྱོགས་ཚེ།། 饮食竭尽消失之时刻

འ་བུའི་འདྲེན་པ་ཁྱེད་ཀྱི་སྐུ་དྲིན་འོག ། 众信徒在您的恩慈下

ཡ་མཚན་གྱེར་བསྟན་གླིང་གཞིར་སྤེལ་བ་དྲན།། 忆念妙哉佛法宏四州

ར་བ་གངས་ལྡན་ཁ་བའི་རྒྱལ་སྲས་ཞེས།། 神圣雪域中的法太子

ལ་ལུང་གང་སར་མཆོད་པའི་རྒྱན་གྱུར་བ།། 法身无处不在放耀光

ཤ་ཁྲག་ལུས་ལ་སངས་རྒྱས་མི་གཟུགས་ཅན།། 血肉之躯乃佛陀化身者

ས་སྟེང་བོན་གྱི་སྐྱབས་མགོན་སྙིང་ནས་དྲན།། 世间本教怙主内心忆

ཧ་ཅང་གཉན་འཕྲང་བསྐལ་པའི་ཁུགས་སོ་ནས།། 在雍仲本教发展的重要时刻

ཨ་མའི་བུ་ཁྱེད་འདི་ལྟར་བཞུད་གྱུར་ཚེ། ། 圣者勇士毅然寂静涅槃时

ཧ་ཧུད་འཇིག་རྟེན་མུན་ནག་སུ་ཡིས་སེལ།། 谁来点亮这漆黑的世间

ཨ་དཀར་བསྟན་ལ་རེ་བ་ཅང་ཡོད་དམ།། 末法时期对法有期望否

དེ་ལྟར་འཛམ་གླིང་བོན་འབངས་ཡོངས་རྫོགས་ཀྱི་ལྷ་སྐལ་དམ་པ༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་ཆེན་པོས། ཁོང་གི་དགུང་གྲངས་བརྒྱད་ཅུ་གྱ་དགུའི་སྐུ་ཚེ་ཧྲིལ་བོ་བསྟན་འགྲོའི་ལས་དོན་འབའ་ཞིག་ཏུ་བཏང་བའི་མཛད་བཟང་བཀའ་དྲིན་འཁོར་ཐབས་མེད་པ་འགྲོ་ཁམས་གདུལ་བྱ་རྒྱ་མཚོའི་བསོད་ནམས་བླ་མེད་ཡིན་པ་དང་།ནང་སྒོ་སུ་རང་ཅག་ཆོལ་གསུམ་བོད་པའི་གཟི་བརྗིད་འབའ་ཞིག་ཏུ་གཞར་ཡང་འདོར་མེད་པར་མཐོང་ཞིང་།ཁ་སང་མགོན་པོ་གང་གིས་རེ་ཞིག་གདུལ་བྱ་གཞན་གྱི་དོན་དུ་ཞིང་འདིར་གཟུགས་སྐུའི་བཀོད་པ་བསྡུས་པའི་གནས་ཚུལ་རྣ་བའི་བུ་གར་ཐོས་འཕྲལ།མདོ་དབུས་མཐོ་སྒང་གི་ཉི་མ་འོད་པོ་ཆེ་ཞིག་འདི་ལྡར་གློ་བུར་དུ་ནུབ་སོང་བསམ་པའི་བློ་ཕམ་དང་སྐྱོ་གདུང་ཚད་མེད་པའི་མིག་མཆི་ཤག་ཤག་ཏུ་བཞུར་བཞིན།གུས་པ་རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ་མིང་གིས་དད་འདུན་དྲག་དང་བཅས།
༢༠༡༧/༩/༡༧/ཉིན་ལ།

世界上所有本教信众心中的第二佛陀•怙主曼日寺第三十三代法王,高龄八十九岁,他一生弘法利生之事业圆满是我等芸芸众生的福分,更是雪域三大藏区人民的心中太阳。昨天听到,怙主因利度有缘众生而此换法体,在世人面前显现无常圆寂涅槃之相,此刹那间就像是雪域高原上的太阳瞬间夕落,心中悲痛万分,涕泪悲涕中执笔。

——泽秀仓•幸饶丹毕达瓦活佛,2017年9月17日 金川喇嘛尔贡寺单巴沃热翻译

 


 

公元2017年9月14日,下午18:25时,世界雍仲本教最伟大的精神导师曼日法王如意宝、弘扬佛法利乐有情的事业中功德圆满而回归法界,他的圆寂,对于雍仲本教、对于宗教界、 对于世人来说都是一种油然而生的惜别。愿全球所有的雍仲本教信徒们在这段日子里,各自的身口意一切行为如法修行,行善积德、吃素、放生、斋戒、念经,持咒。






——塔德·泽旺吉美仁波切

 

 


三界明灯怙主,世界本教精神导师,第三十三世至尊曼日法王,为众生揭示永固不变的执著心态。公元2017年9月14日,89岁高寿的法王在本教母寺曼日寺的寝宫中趋入光明,以五支坐契入法性涅槃。法王的圆寂令我们感到非常悲痛,夏匝佛学院全体僧人举行为期三天的圆寂哀悼法会。所有在曼日法王慈悲摄受下的僧人和信徒等,将会精进修持,把至尊曼日瓦的法脉永远传承下去。

 

 





 

——夏匝佛学院吉美旺修仁波切(阿晋堪布)虔心祈祷敬书   阿咪罗罗译


无上恩师,曼日法王隆多丹陛尼玛仁波切,圆满了此生弘法利生的事业,于昨天离开了我们!

在显宗方面,您一生培养了无数具足的比丘圣众,为本教当代的弘扬事业立下了不可磨灭的功绩!在您弘法事业圆满之际,让我们无比深切地怀念您,祈愿您在清净佛刹中加持我们弟子生生世世!

在密宗四续方面,您也培养出了无数的密宗成就者,在佛陀的传承事业上恩德无比,现在您回归于清净剎土,我们祈愿您在剎土中继续教导菩提圣众,弟子们永远无法忘记您的慈悲与恩德,也祈请您继续赐予我们加持,在相续中永不分离!

在大圆满的传承上,更是您给予我等究竟圆满的传承与加持,正是您以普贤大乐的加持赐予我等弟子,让我们得到了无比殊胜的加持和不可思议的成就,在不生不灭的清净法界中,让我等弟子将无比感恩和至诚之心与您的心融为一体!

如今,您已经圆满了此生的利生事业,您的离去如同曼日寺的胜利金幢消失于世间。但我们知道,这是您为了更好地利益更多的有缘众生!

这一生有缘与您结缘过的所有众生,哪怕仅听到,闻到您的圣名和教导,都会因为得到您的慈悲加持而获得了断除轮回的善因,众多的弟子因您的教导而获得解脱与成就,我等弟子今生都会按照上师的慈悲加持和指引,沿着上师的脚印,一起走向清净的佛剎。

我们会在相续中永远的怀念您,至诚地发愿:祈请大恩上师在极乐剎土中一直加持摄受我等,永不舍离!

——2017年9月15日 阿扎活佛


一切三世胜者之法嗣、度化五毒浊世之大导师、曼日寺大堪布、法王龙多丹贝尼玛仁波切为度化浊世有情,复兴雍仲本教,相好圆满之身降世于此等堪忍刹土以来,智悲法力之功德不可思议,弘扬白帽本教之宏业无可匹敌,培育出众多优秀的弟子,以大悲利众之心将象雄文明与显密大圆满无上教法弘扬于世界各地,所做之宏业不可思议,无与伦比!身语意之弘化宏业无碍圆满之后,于2017年9月14日在曼日寺显示涅槃融入法界。

吾初闻此等噩耗,无比震惊,悲痛万分。故此,为使法王仁波切之一切宏愿能无碍任运成就,早日乘愿再来,特号召我寺僧众以及藏汉各族弟子信众等,多做供养、断弃诸恶,修习诸善、以此报答法王仁波切之无比恩情!最后又又祈请法王仁波切以大悲护佑于三世中不离不弃吾等芸芸众生!

——孜珠丁真俄色于2017年9月15日

མྱ་ངན་ཞུ་འཕྲིན།
༧དུས་གསུམ་རྒྱལ་བ་ཀུན་གྱི་རྒྱལ་ཚབ་སྙིགས་མའི་གདུལ་དཀའ་འདུལ་བའི་འདྲེན་པ་ཆེན་པོ་དཔལ་རྒྱལ་བ་སྨན་རི་བའི་མཁན་ཆེན་དམ་པ་༧ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་བསམ་བཞིན་བསྐལ་ཁུག་བསྟན་པའི་མེ་རོ་
གྱེན་དུ་སྤར་མཛད་མཚན་དཔེ་སྐུ་ཡི་བཀོད་པ་མི་མཇེད་འཇིག་རྟེན་གྱི་ཁམས་སུ་བསྟན་ནས། མཁྱེན་བརྩེ་ནུས་པའི་ཡོན་ཏན་གྱི་བཀོད་པ་བསམ་མཐའ་ཡས་པར་མཛད་དེ། ཞྭ་དཀར་བོན་གྱི་བསྟན་སྲོག་དམ་དུ་འཛིན་པའི་འཕྲིན་ལས་ཟླ་མེད་མངོན་པར་འཕགས་ཤིང་ལྟོས་བཅས་བུ་སློབ་དུ་མར་ཐུགས་རྗེའི་བརྩེ་བ་ཆེན་པོས་ཉེ་བར་བཟུང་ནས་ཡངས་པའི་ཐ་གྲུ་ཀུན་ཏུ་ཞང་ཞུང་རིག་གནས་སྤྱི་དང་ཁྱད་པར་མདོ་སྔགས་བླ་མེད་ཀྱི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པར་མཛད་པ་སོགས་བསམ་མི་ཁྱབ་པའི་རླབས་ཆེན་གྱི་རྣམ་པར་ཐར་པ་བསྒྲངས་ལས་འདས་པར་བསྐྱངས་ཤིང་། སྐུ་གསུང་ཐུགས་གསུམ་གྱི་མཛད་འཕྲིན་མཐའ་དག་གེགས་མེད་མཐའ་རུ་ཕྱིན་ཏེ། ཁར་སང་གདན་ས་སྨན་རི་གླིང་དུ་གཟུགས་སྐུའི་བཀོད་པ་བོན་ཉིད་ཀྱི་ཀློང་དུ་བསྡུས་པའི་གནས་ཚུལ་གོ་ཐོས་བྱུང་བར་ཡིད་ཕམ་ཚད་མེད་བྱུང་བ་མ་ཟད། དམ་པ་གང་གི་ཐུགས་ཀྱི་བཞེད་དགོངས་མཐའ་དག་གེགས་མེད་ལྷུན་གྱིས་འགྲུབ་པ་དང་། བདག་ཅག་ལྟོས་བཅས་འགྲོ་བ་ཡོངས་ཀྱི་སྐྱབས་མགོན་མཆོག་དང་དབྱེར་མི་ཕྱེད་པའི་རྗེས་འཛིན་བསྟན་འགྲོའི་དཔལ་མགོན་དམ་པ་མི་འགྱང་མྱུར་བར་བདེ་འཁོད་ཡོང་བའི་རེ་ལྟོས་ཚད་མེད་ཞུ་བ་དང་ཆབས་ཅིག   གང་གི་དགོངས་རྫོགས་སུ་རང་དགོན་གྲྭ་བཙུན་ཡོངས་དང་ཕྱོགས་དང་རིས་སུ་མེད་པའི་རང་རེའི་སློབ་འབངས་ལྷ་སྡེ་མི་སྡེ་ཡོངས་ཀྱིས་མཆོད་འབུལ་ཚོགས་བསགས་དང་དགེ་སྒྲུབ་སྡིག་སྤང་སོགས་རྣམ་དཀར་གྱི་བྱ་བ་རྒྱ་ཆེར་བསྒྲུབ་སྟེ་དམ་པ་གང་གི་བླ་ན་མེད་འི་བཀའ་དྲིན་མཚོན་པར་བྱེད་ཐོག་དུས་གསུམ་འབྲལ་བ་མེད་པར་ཐུགས་བརྩེས་རྗེས་སུ་གཟུང་བའི་གསོལ་བ་ལན་བརྒྱར་འདེབས་པ་དང་བཅས།

རྩེ་དྲུག་བསྟན་འཛིན་འོད་ཟེར་ནས།༢༠༡༧/༩/༡༥


听闻白帽雍仲本教顶饰,至尊曼日法王隆多丹比尼玛如意宝,于公元2017年9月14日18:25时,显示涅磐融入法界之消息;吾等僧众无比震惊,流泪满面,悲痛万分。后来重温佛经所言:“三世诸佛示现涅磐相,三界有情如此皆虚幻”。使我们要化悲痛为力量,遵循法王如意宝教言,诸恶不作,众善奉行。祈愿曼日法王不舍众生,乘愿再来,正法住世,法轮常转。





 

 

 

九寨沟活佛——奔卡嘎桑仁静  2017年9月18日


曼日法王如意宝!您给了我出世间的智慧真谛,您给予我雍仲本教法脉的传承,您点燃了我内心深处的智慧明灯。

曼日法王如意宝!我在静夜的天空下祈祷您,我在大殿的宝座前祈祷您,衣食住行时刻都在祈祷您。

曼日法王如意宝!您的慈悲,您的智慧,您的加持永远在我等信众的心里,祈愿曼日法王如意宝,您的慈悲慧眼回望我等三界众生,乘愿誓,发菩提,转世再度芸芸众生。    

 ——李西·新甲夺昂旦真活佛      2017年9月16日

༼ ཁྱུང་ཆེན་འཕུར་ཤུལ་གྱི་གདུང་འབོད།༽

ཀྱཻ་ཧུ།   ྄ཟླ་འདིའི་ཚེས་བཅུ་བཞིའི་དགུང་མོར།  སྐུད་མེད་ཀྱི་འཕྲིན་ལམ་བརྒྱུད་དེ།  ཉན་མི་འདོད་པའི་སྐད་ཆ་ཞིག་ངའི་རྣ་བར་ལྷུང་དུས་གློ་བུར་དུ་གོ་ལ་ཟླུ་པོ་ཡོམ་ཡོམ་དུ་འགུལ་ཞིང་།  འཇིག་རྟེན་འདི་སྨག་ནག་གིས་ཁྱབ་པའི་སྣང་བ་སྟེར་ཏེ།  བྲང་གཞུང་བཙན་གྱིས་གཤགས་འདྲའི་ན་ཟུག་ཞིག་གི་ཁྲོད་དུ་ཕངས་སེམས་ཤིག་གིས་མནར་བས། རེ་ཞིག་དྲན་མེད་ལྟ་བུར་གྱུར་ཏེ་ཡུན་ཙམ་ལྷག།    ཡིན་ནའང་།  སངས་རྒྱས་ཀྱིས་འདས་གྲོང་གི་ཚུལ་བསྟན་པ་ནི་སེམས་ཅན་རང་ཁ་མ་འམ་རྟག་འཛིན་ཅན་གྱི་བློ་ལྡོག་བའི་ཆེད་དུ་མཛད་འཕྲིན་བསྐྱང་ལུགས་ཀྱི་ཚུལ་ཙམ་ཡིན་པ་ལས་ང་ཚོ་དང་གཏན་དུ་བྲལ་བར་མིན་པར་སྙམ་ཏེ་སླར་ཡར་རང་སེམས་ལྷོད་ལ་བཞག་བྱུང་།  གང་ལྟར་སྙིགས་དུས་སུ་ཆགས་འཇིག་གི་གཤེད་མ་རྒོད་ཀྱང་རླུང་ཁའི་མར་མེ་གཟིམས་ལ་ཁད་དུ་གྱུར་བའི་ཉིན་དེེེར།  མེ་ཡིས་བསྲེགས་ཀྱང་མ་ཚིག་ལ། བྲང་གཞུང་མཚོན་ཆའི་ཁ་ལ་གཏད་པའི་དཔའ་བོ་གང་ཉིད་དེ་རིང་ལྷག་ཏུ་དྲན་ཞིང་།  སངས་རྒྱས་ཀྱི་བསྟན་པ་དང་སེམས་ཅན་གྱི་བདེ་སྐྱིད་ཁོ་ན་ལ་དམིགས་ཏེ་གཅེས་པའི་ཕ་ས་སྤངས་ཤིང་། ལྕི་ཏིག་ཏིག་གི་རྡོག་ཁྲེས་རྒྱབ་ལ་ཁུར་ཏེ་ཁྲག་ཐིགས་གི་རྐང་རྗེས་གངས་ལ་དཔར་ཞིང་།  དཀའ་སྡུག་གི་མྱོང་བའི་ལོ་ཟླའི་ཁྲོད་དུ་རྒྱལ་ཁབ་ཕྱི་ནང་གང་སར་འགྲིམས་པའི་ལོ་རྒྱུས་དེ་ཡང་དེ་རིང་གླེང་རིན་མེད་པའི་གཏམ་ཐུང་ཞིག་ག་ལ་ཡིན།  ཡི་ན་འང་ཁོང་རིན་པོ་ཆེའི་སྐུ་ཚེ་ཧྲིལ་བོའི་མཛད་རྣམ་ངས་དེ་རིང་འདིར་བརྗོད་ཀྱང་བརྗོད་ཀྱིས་མི་ལང་ལ།   ཨེན་ཙམ་བརྗོད་འདོད་ཡོད་ཀྱང་འགོག་ཐབས་དང་བྲལ་བའི་མིག་ཆུས་མིག་སྒོར་འཚང་ཁ་རྒོད་པས་རེ་ཞིག་འབྲིས་མཚམས་འདི་ནས་བཞག་དགོས་བྱུང་བ་ལགས།དེ་མིན་༧ རྗེ་མཉམ་མེད་ཆེན་པོའི་རྒྱུད་འཛིན་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་གང་ཉིད་ཀྱིས་ཐུགས་བསྐྱེད་སྨོན་ལམ་ཟབ་མོ་ལས་ནམ་ཡང་འདོར་བ་མེད་ཅིང་།   སླར་ཡང་གང་དང་དབྱེ་བ་མེད་པའི་ ༧ རྒྱལ་བ་བྲི་ཡི་རིང་ལུགས་འཛིན་པ་བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་གང་ཉིད་འོ་ཅག་དད་པའི་མཁའ་དབྱིངས་སུ་ལྷང་ངེར་གསལ་ཞིང་ཡངས་བའི་འཇིག་རྟེན་གྱི་ཁམས་འདིར་ང་ཚོ་བོན་འབངས་ཡོངས་ལ་བསོད་ནམས་ཀྱི་སྐལ་བཟང་ཤར་བའི་རེ་སྨོན་དང་བཅས། 

  སྤྱི་ཟླ་ཚེས་2017/ 9/17/ཉིན་རྒྱལ་རོང་ཁྲོ་སྐྱབས་བླ་མ་རྣམ་གསུམ་དུ་གྲགས་པའི་ནང་ཚན་ལི་ཤུ་སྤྲུལ་སྐུ་གཤེན་རྒྱལ་བསྟན་འཛིན་དུ་འབོད་པས་སྦྱར་བ་འོ། 


听到曼日法王圆寂的消息,我悲痛的泪水汹涌而出,心中有万分的不舍和哀痛。2017年9月14日,下午18:25分,这是个让人悲伤的时刻,广大佛教徒失去了一位慈悲的导师,普天同哀。当代雍仲本教最伟大的精神导师曼日法王的圆寂,不仅是雍仲本教的损失,也是世界宗教界的损失,更是众生不可估量的损失。

尊贵的曼日法王隆多丹比尼玛仁波切,是本教最高佛学院曼日寺第三十三代法王,也是本教最高佛学院院长。是现今藏传佛教世界公认的五大法王之本教法王,是当今藏传佛教五大教派之本教法主。

曼日法王学术精堪,学识渊博,二十五岁时得到了佛学的博士学位,是佛学及历史文化研究方面的大学者。曼日法王更是闻思佛法,实修显、密、大圆满心法的实修者和成就者。曼日法王一生致力于传播佛法、利益众生,法王每年前往美国、英国、德国、西班牙、俄罗斯等国家,传授本教显宗、密宗和大圆满心法,使雍仲本波佛法走向世界,使更多善缘弟子走向修行正道。同时法王更是不遗余力地培养了众多的佛教人才,如今也分布在世界各地弘扬雍仲本波佛法利益众生。曼日法王一生还著撰了很多经典作品,比如《本教教历算集》、《道情歌集》、《赞颂文集》、《文学集》、《修行常识集》等等。而法王更是藏传佛教走向无教派融合的推动者。

每当想起2013年10月,法王托人将他仅有的两顶使用过的法帽中的一顶法帽和一套法衣赠送给我,每每看着法王赠送的法帽法衣,我总会倍感责任和使命,总会激励和坚定我为弘扬雍仲本教奉献一生的信念。而更让我终生难忘的是2017年3月,我实现了多年的愿望,前往印度朝拜曼日法王,法王那时刚从国外归来,身体看起来有些清瘦,但还是很亲切欢喜的接见我,我们相谈甚欢,法王亲自安排在曼日寺为我举行坐床仪式和接法,让我倍感肩上责任重大,我心想我一定要向法王学习,倾力传承和弘扬雍仲本波佛法。期间,法王赠送给我一尊佛像和一尊雍仲塔和一本书,法王说:“我准备给藏传佛教每个寺庙送一套(一尊佛像和一尊雍仲塔和一本书),第一套就送给了你,因为雍仲拉顶寺是良美大师故乡的主寺,这很吉祥……”。接着法王赠送给我一颗舍利子,这时法王看了一下我,笑了一下说:“你是对本教有贡献的人,奖励你,我再送一颗舍利子给你”。法王很欢喜的又将第二颗舍利子放在我的手上,并嘱咐说:“你一定要好好弘扬佛法……”。法王亲切的言语,纯净的笑容,睿达的智慧,常常感染着我,激励着我。
法王用慈悲和智慧在众生的心中种下福田,离开时用一道彩虹美丽众生的世界。缅怀曼日法王的恩德,如同阳光,一直温暖和照耀着我们。让我们继续承载法王的大愿,为众生引向解脱的正道。我们更祈愿曼日法王不舍众生、乘愿再来、宣扬正法、普利群生。

——班玛仁清沉痛哀悼  2017年9月15日


诚愿曼日法王乘愿速回                      
               
雍仲本教,万法之源。                
曼曰法王,第二佛佗。               
三十三世,末法之主。                
一九二九,乘愿而来。                
雪宝顶下,岷江河畔。               
学贯九乘,圆满自在。               
圣地西藏,如是修行。                
众业难挡,远渡异乡。                
金瓶挚签,众望所归。                
建寺修庙,六度万行。                
戒定慧学,以身示范。                
虽圣示凡,自他平等。                
第二佛佗,曼日法王。                
五浊恶世,胜似佛佗。                
慈悲众生,八十九载。                
雍仲本教,普照国际。                
地水火风,万法性空。                
二0一七,示演无常。               
如法装束,禅中涅槃。               
大师导师,来去自在。               
雪域藏地,天寒地冻。               
诚愿法王,乘愿速回。
                  

——2017年09月17日  堪布纳玛泽仁  小西天尕咪总寺


སྤྱིར་གངས་ཅན་བོད་ཀྱི་དཔོན་གསས་བླ་མ་ཆེན་པོ་དང་།.  དགོས་ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པའི་མངའ་བདག་ཆེན་པོ།. ཡང་སྒོས་སུ་དུས་རབས་ཉེར་གཅིག་སྐབས་ཀྱི་ཡང་དར་བསྟན་འགྲོ་ཀུན་གྱི་གཙུག་བརྒྱན་དམ་པ་ ༧ རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་རེ་ཞིག་ཞིང་ཁམས་གཞན་དུ་འགྲོ་དོན་མཐར་ཕྱིན་གྱི་རྣམ་པར་གཤེགས་ཏེ།    དགོངས་པ་བོན་དབྱིངས་སུ་ཐེམས་པ་ང་ཚོ་བོད་འབངས་ཡོངས་ཀྱིའི་སེམས་སྡུག་ཡིད་ཕམ་ཚད་མེད་ཀྱི་ངང་ན་དགོངས་རྫོགས་ཀྱི་དགེ་བསྐུལ་འདས་མཆོད་གང་གྲག་ཞུ་བཞིན་པའི་ངང་ན་ཅི་བྱ་གཏོལ་མེད་ཀྱི་ཐོག་ནས་དད་པའི་ཕྱག་རྒྱ་སྤྱི་བོར་བཞག་ནས་དྲན་རྟེན་དད་སེམས་འཛད་མེད་ཀྱི་ངང་ནས་གསོལ་འདེབས་འདི་ལྟར་གྱེར་ཏེ།

གངས་ལྗོངས་བསྟན་པའི་སྒྲོན་མེ་བསྐལ་ཆེན་སྟོན་པ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེའི་གསོལ་.  འདེབས་དད་པའི་འོད་བརླབས་བཞུགས།

ཨེ་མ་ཧོ། རབ་འབྱམས་བྱེ་ཕྲག་མཁྱེན་བརྩེ་གཅིག་བསྡུས་གར།། 
གཤེན་བསྟན་ནུབ་མེད་རྒྱལ་མཚན་སྲིད་རྩེར་བསྒྲེངས།། 
ཕྱོགས་མེད་རིགས་དྲུག་ཞིང་ཀུན་བོན་ཆར་འབེབས།། 
ལུང་རྟོགས་བསྟན་པའི་ཉི་མར་གསོལ་བ་འདེབས།།

གཡུང་དྲུང་བོན་གྱི་རྔ་ཆེན་གླིང་བཞིར་བསྒྲགས།། 
མདོ་སྔགས་བསྟན་པའི་དར་ཆེན་ཕྱོགས་བཅུར་གཡོས།།
རྫོགས་ཆེན་ལྟ་བའི་ལྷ་ལམ་དབྱིངས་རིག་ཤར།། 
སྨན་རིའི་མཁན་ཆེན་སོ་གསུམ་གསོལ་བ་འདེབས།།        
         
ཉིད་སྐུ་འབྲེལ་བའི་འོ་སྐོལ་སྐྱེ་དགུའི་འགྲོར།། 
ལྟ་སྒོམ་འཕྲང་སྒྲོལ་གསང་གསུམ་འགལ་རྐྱེན་སོལ།།
 སྒྲིབ་གཉིས་མུན་སེལ་ཚོགས་གཉིས་ཉི་ཟླ་བཞད།། 
 མཐར་ཐུག་བླ་མེད་སྐུ་གསུམ་མཆོག་བརྙེས་ཤོག ། །།

ཅེས་པ་འདི་ལྟར་དགོས་ཆེད་ཞྭ་དཀར་བསྟན་པའི་གཙུག་བརྒྱན་རྒྱལ་བ་སྨན་རི་བའི་མཁན་རབས་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་བོད་མེ་བྱ་ལོར་སྟོན་ཟླ་བདུན་པའི་ཚེས་ཉེར་བཞི་དང་སྤྱི་ལོ་ ༢༠༡༧ ལོའི་ཟླ་བ་   ༩  པའི་ཚེས་  ༡༤ པའི་ཕྱི་དྲོ་ཕྱག་ཚོད་ ༦ དང་སྐར་མ་ ༢༥  པའི་དུས་ཚོད་དགོངས་པ་བོན་དབྱིངས་སུ་གཤེགས་པའི་གནས་ཚུར་གོ་ཐོས་བྱུང་མ་ཐག་བསྟན་འགྲོ་སྤྱི་ལ་གྱོང་གུན་ཚབ་ཆེན་བསམ་ནས་ཡིད་སྐྱོ་གདུང་གི་སྣང་བ་དཔག་མེད་ཤར་བཞིན་རྣམ་ལྔའི་མཆོད་སྤྲིན་ཕུལ་ནས་རྣམ་རྒྱལ་སྨོན་ལམ་སོགས་བསྔོ་སྨོན་གྱི་རྔ་གསང་གྱེར་བའི་མཚམ་གསེང་ནས་ཀླུ་དགོན་གྱི་བླ་མིང་རག་བཙུན་ལུང་རིག་ཀུན་གསལ་སྙིང་པོས་དད་རྟེན་གསོལ་འདེབས་འདི་ལྟར་ལྷ་ལྡན་ཉི་མའི་གཉེན་ཐང་བསྟན་པའི་ནོར་གཞོང་ནས་སྤྱི་ལོ ༢༠༡༧ ལོའི་ཟླ་བ་   ༩  པའི་ཚེས་ ༡༥ ཉིན་ཤར་མར་མགྱོགས་བྲིས་དགྱེས་པས་གང་སྐུའི་རྣམ་བཞིའི་ཕྲིན་ལས་ལྷོ་གླིང་ལྗོངས་འདིར་ནུབ་མེད་རྟགས་དུ་ཤར་ཞིང་ཐུགས་རྗེ་མཁྱེན་བརྩེའི་འོད་ཞག་ཀྱེ་མ་འགྲོ་ཀུན་ཡོངས་ལ་དུས་གསུམ་ཀུན་དུ་མི་འདོར་བར་བརྩེ་བས་དམ་དུ་བཟུང་བའི་རྒྱུ་རུ་གྱུར་ཅིག ། །།        སརྦ་འབུ་དྷ་ལམ།།

——贡赛宁波活佛


惊悉曼日法王如意宝圆满示寂的消息,我的心情和所有人一样十分沉重。因为,曼日法王隆多丹比尼玛仁波切的圆寂使我们失去了一位德高望重的长辈,一位受人尊敬的心灵导师。

仁波切的一生,是慈悲的一生,智慧的一生。为弘扬佛法、普渡众生奉献了自己毕生的精力。生活中您以身作则,用亲切的话语,去教诲学生;用严谨的行为,去感化徒众;用阳光雨露般无私的关爱照耀滋润了无数苦海众生。

您“呕心沥血弘正法,大爱无言济苍生”是我辈的楷模;您爱众如母的风范,值得我辈效法;您的远见卓识与无与伦比的修为,令我辈羡慕不已。

“相见风范空有影,欲闻教诲杳无声”。您的音容笑貌将永远铭刻在我们心中;您为人师表,自强不息,诲人不倦,甘于奉献的精神,将永远激励我们为佛教事业努力奋斗!祈祷曼日法王隆多丹比尼玛仁波切早日再来娑婆普渡如母众生!

——生根活佛·仁孜尼马


悲哀的呼唤,慈悲的心声!
公元2017年9月14日,下午18:25时,当代雍仲本教最伟大的精神导师第三十三代
曼日法王隆多丹比尼玛仁波切一生的广大弘法利生事业圆满吉祥,进入圆满寂静状态,以此感化常见者、邪见者。他的思想虽然永远停留在不增不减、无生无灭的禅定觉醒境界中,与诸佛的智慧无二无别,但其伟大的慈悲精神和度化众生的使命将会延续到轮回度空为止。他的圆寂,对于雍仲本教,对于整个藏传佛教对于弘扬藏文化的光荣使命,以及对于有情众生,都是不可估量的损失。藏区五百多座本教寺院及各个村庄都在同时举办法事,以此供养法王,供养三宝。

听朋友说上师临终时,依然在修行状态中,进入静坐、禅定的状态中,一直到呼吸停止,心里禅。圆寂之后,法体比生前更庄严,脸色笑容慈祥。临终时,上师对身边的使者、弟子们说:人生无常,我们的心虽与诸佛一体,与本性无二无别,但我们的肉体终究回归于大地,这样的规律是再正常不过的现象,我们现在需要的就是接受现实,勇敢的面对未来。死对我来说,就是一种解脱,我的灵魂将与诸佛融为一体,但不离开肉体,我无法做到不增不减、无取无舍的境界,所以我乐意接受死亡,勇于面对死亡。

值得令人高兴、敬仰的是昨天在藏区的本教各寺院,为曼日法王隆重举行供养与布施仪式。在那时,藏区甘孜州炉霍县易日寺、旺达寺、嘉绒金川措当寺、阿坝夺登寺、郎依寺都出现大圆满成就的现象彩虹。

愿全球所有的雍仲本教信徒们在这段时间里,行善积德、吃素、放生、斋戒、念诵三大真言、上师祈请文,功德可增长到十万倍。

——泽绒洛吾堪布


ལོ་ད་ལོར་སྐྱོ་བའི་ཁ་ན་སྐྱོ་བ་ཞིག
འཇུ་ནམ་མཁའི་ནོར་བུ།
བསྟན་པའི་གཙུག་རྒྱན་རིན་པོ་ཆེ
སྐུ་དྲིན་རྒྱ་མཚོ་ཆེན་པོ་ལ་དཔེ་འཇོག་མི་འཚམ་ལ
མཛད་རྗེས་ཡངས་བའི་རྩྭ་ཐང་ལ
དཔེ་འཚམ་མེད་པའི་ཁྱེད་ཉིད
དགུང་གནམ་འཕང་གཅོད་པའི་ཁྱུང་ཆེན་བཞིན
ཧི་མ་ལའི་ཕ་རོལ་ནས་གང་དུ་ཕེབས་སོང
ས་གཙང་ས་ཞིག་ཏུ
སྐུ་གསེར་གྱི་ཉི་མ་ལྷམ་མེར་གསལ་ཏེ
ལམ་ཡངས་དོག་མང་པོ་ཕྱོགས་སུ་བརྒལ་བས
འུ་ཚང་གི་བསྟན་པའི་ཕོ་ཉ་ཁྱེད་ཉིད
ཞིང་འདི་ཡི་མགྲོན་པོ་བཞིན
ཧི་མ་ལའི་ཕ་རོལ་ནས་གང་དུ་ཕེབས་སོང
འགྲོ་དྲུག་གི་སྐྱབས་གནས
ལོ་ད་ལོར་སྐྱོ་བའི་ཁ་ན་སྐྱོ་བའི་དུས
སེམས་ཅན་གྱི་མགོན་དུ་གྱུར་བའི་ཁྱེད་ཉིད
སློབ་བུ་ཚོའི་རེ་བཞག་ཁུར་ཏེ
བོན་འབངས་ལ་ཕྱི་མིག་གཟིགས་བཞིན
ཧི་མ་ལའི་ཕ་རོལ་ནས་གང་དུ་ཕེབས་སོང
སློབ་བུ་ཚོས་ངུ་སྐད་དང་ལྷན་དུ
སྐྱོ་གདུང་གི་མིག་ཆུ་དང་བསྡོངས་ནས
གསོལ་འདེབས་ཁྲི་ཕྲག་གི་འབོད་སའི་ཁྱེད་ཉིད
ཐུགས་དམ་གཡོ་མེད་ཀྱི་ངང
མི་རྟག་མྱ་ངན་གྱི་ཚུལ་བསྟན་ཏེ
ཧི་མ་ལའི་ཕ་རོལ་ནས་གང་དུ་ཕེབས་སོང

——夺登·索南嘉措仁波切


མི་ཚེ་འདིར།  སྐྱེ་བ་འདིེར། མཁན་གྲུབ་བཟང་གསུམ་གྱིས་བརྒྱན་པའི་ངེས་པ་དོན་གྱི་བླ་མ་སྨན་རིའི་བ་ཁྱེད་ལས་སྐྱབས་ཡུལ་གཞན་མེད།  ཁྱེད་ལ་སྙིང་ནས་གུས།  ཁྱེད་ལ་བརྩེ་བས་འདུད།  ཁྱེད་ལ་དུང་བས་འཚལ། མདོར་ན། ཁྱེད་ཀྱི་སྐུ་གསུང་ཐུགས་གསུམ་སྙིང་ནས་དྲན། ངག་གིས་བསྟོད། ཡིད་ཀྱིས་མཆོད།  དེ་རིང་མ་ཡིན་པར།  སང་ཉིན་ཡང་མ་ཡིན་པར།  ཇི་སྲིད་འཚོ་བའི་བར་དུ་སྙིང་ནས་དྲན།  དྲང་མོ་བཤད་ན།  མ་གསང་བར་བཤད་ན། ཁྱེད་ཉིད་སྐུ་གཤེགས་པར་ཐོས་མ་ཐག་སྐྱོང་གདུང་གི་མིག་ཆུ་བཞུར་སོང་། ཁ་བའི་བླ་ཆེན་ཁྱེད་ཉིད་།འཛམ་གླིང་གི་ཉི་མ་སེར་པོ།བོན་འབངས་ཡོངས་ཀྱིས་སྒྲོན་མེ།བོན་གཤེན་བསྟན་པའི་ཀ་ཆེན།དག་པའི་ཞིང་ལ་འགྱེལ་སོང་།ཡིད་སྐྱོ་བ་ཞིག་ལ་གུས་པ་ངེད་སྐུ་ཉིད་དངོས་སུ་ཐེངས་གཅིག་མཇལ་བའི་སྐལ་བ་མ་བྱུང་བས་སེམས་ལ་སྡུག་བསྔལ་ནོངས་འགྱོད་ཆེ་པོར་ཡོད།ནམ་ཡང་། རྟག་ཏུ།  སྐུ་ཉིད་བརྗེད་མི་སྲིད།  

 

 

——祈麦雍仲活佛


祈愿曼日法王乘愿再来
             
公元2017年9月14号,下午18:25时,白帽雍仲本教之首·曼日第三十三代法王隆夺旦贝尼玛仁波切印度曼
日寺宫邸圆寂涅槃,仁波切完成一生弘法利生,圆满吉祥、仁波切的觉悟永远停留在大圆满觉醒的法界中

这几天在世界各个地方整个藏传佛教界,为之痛惜哀嚎,悼词唁函,各寺诸团沉入追悼圆寂涅槃礼佛法会的哀河中。奇特的瑞祥征兆,在法王弘法利生的地方都有彩虹显现,仁波切实乃佛菩萨的转世。

对于仁波切的圆寂,不仅于雍仲本教、于宗教界、对于芸芸众生,都是不可估量的损失。愿大恩无上上师曼日法王仁波切乘愿速回。愿全球所有的雍仲本教信徒们在以后的日子里,好好修戒定慧,行善积德,吃素、放生、斋戒、念诵三身佛真言、上师祈请文,功德可增长到十万倍。

—— 九寨王杰泽然活佛


雍仲本教最高佛学院曼日寺第三十代法王隆多丹比尼玛如意宝于公园九月十四号18:25时,示现涅槃,融入法界。
       
吾闻突如其来的噩耗, 内心无比悲痛、震惊万分,隆多丹贝尼玛仁波切不仅在显宗方面培育了无数的比
丘僧众,在密宗四续方面也培养了许多成就者,而在大圆满传承中:让吾等得到您以普贤大乐的加持。  

因此 在这个令人悲痛的时刻,让我们悼念至尊曼日法王遵循法王如意宝教言。依教奉行,至诚的发愿:祈愿大恩上师在极乐刹土一直摄受我等与众生,永不舍离。           

 

夏普尼玛仁波切 2017年9月19日


2017年9月15日早上打开微信先在朋友圈里看师兄们的动态,收到一个不幸的消息曼日法王圆寂了,我没敢相信那是真的,因不久前仁波切法体康复还为拜访他的弟子信众摩顶加持。可是当看到法王的亲弟子暇玛措从美国纽约给我单独发来信息,“老师父走了”那一刻我的心里感到天塌下了一样的难过,眼里泪水满满不断的流下来,我痛苦沉默,不知道跟谁说我的心痛。仁波切圆寂对全球本教和藏民族文化与宗教界的损失巨大。
   
曼日法王是雍仲本教的领袖,是伟大的佛陀化身,藏传佛教五大法王之一,仁波切一生奉献给雍仲本
教,带领中国和全世界的本教僧团、弟子、信众爱国爱教,培养了上百位格西.数千名优秀的高僧,抚养了千位孤儿,并且还在东南亚、欧美地区广弘本教文化,他身份宝贵却像普通僧人一样谦虚、简朴。在岁月艰苦的环境里坚忍不屈,没有他没有本教今天的成就。近几天在藏区的本教各寺院,将为曼日法王隆重举行供养与布施仪式。俄瓜寺也为法王圆寂哀悼供灯.本教八支资粮颂.三身发愿文.法王祈请文等回向仁波切连有情一切众生。

在此呼吁全球所有的雍仲本教信徒们在法王圆寂49天内,行善积德、吃素、放生、斋戒、念诵。缅怀老法王弘扬本教,精进修行。

陈理卓根于2017年9月21日于俄瓜寺闷珠吉祥圆满洲


我们伟大的精神领袖已离我们而去。他像太阳一样温暖的养育和包容、扶持过我们。他也必将在永恒的时空里永远的光芒四射、温暖的存在;加持、照耀我们不忘初心,走在正确的道路上;并以他为荣的,力所能及的做一个对世间有用的人。

               
  

 

 

——堪卓·德钦王母  2017/9/17